>
您所在的位置:首页 > 模拟试题 > 医师资格证模拟真题 > 正文

2014年藏医医师资格证考试真题2

策划:sumdupcaireng 编辑: 日期:2016-12-23 17:24:42 人气:225 加入收藏 评论:0 

༡  མཁྲིས་ནད་རིགས་ཀྱི་དབྱེ་བ་བཞི་པོའི་ནང་ནས་གཞན་རྒྱུད་ཅན་དེ་གང་ཡིན་ནམ།

ཀ ཐུན་མོང་མཁྲིས་པ་དེ་ཡིན།

ཁ ནད་གཞི་མཁྲིས་པ་དེ་ཡིན།

ག སྣོད་ཀྱི་མཁྲིས་པ་དེ་ཡིན།

ང མཁྲིས་པ་མདངས་སྒྱུར་དེ་ཡིན།

ཅ མཁྲིས་པ་མཐོང་བྱེད་དེ་ཡིན།

༢  རླུང་ཤས་ཆེ་བའི་ཁྲག་རླུང་སྟོད་འཚངས་ཀྱི་ཁྱད་པར་ནད་རྟགས་ནི།

ཀ གྲང་ཤུམ་ཆེ་བ་དེ་ཡིན།

ཁ ཚིགས་གཞི་ན་ཆེ་བ་དེ་ཡིན།

ག  སྟོད་འཚངས་འཕུལ་ཆེ་བ་དེ་ཡིན།

ང མགོ་དང་མིག་རུས་ན་བ་དེ་ཡིན།

ཅ  སྐོམ་དད་ཆེ་བ་དེ་ཡིན།

༣  སྲོག་རླུང་དཔྱད་བཅོས་ཀྱི་གསང་གནས་གཙོ་བོ་དེ་ནི།

ཀ སྤྱི་གཙུག་ཡིན།

ཁ ཚིགས་པ་ལྔ་པ་ཡིན།

ག  མཐིལ་བཞི་ཡིན།

ང ལྟག་ཁུང་ཡིན།

ཅ  ཚིག་པ་དྲུག་པ་ཡིན།

༤  གཤམ་གསལ་དྲིས་ལན་ཁག་ལས་རླུང་ནད་ཀྱི་གཉེན་པོར་མི་རུང་བ་དེ་ནི།

ཀ སྨན་ཆང་ཡིན།

ཁ སྨན་མར་ཡིན།

ག  སྦྱོང་སྐྱུག་ཡིན།

ང འདོན་བཞིའི་སྦྱོར་བ་ཡིན།

ཅ  འཇམ་རྩི་ཡིན།

༥  རླུང་ནད་སློང་བའི་རྐྱེན་གྱི་ཁོངས་སུ་འཇོག་མི་རུང་བ་དེ་ནི།

ཀ ཟས་སྐོམ་ཚ་སྐྱུར་རིགས་དེ་ཡིན།

ཁ ནུས་པ་ཡང་རྩུབ་རིགས་དེ་ཡིན།

ག  ཁྲག་མང་ཟགས་པ་དེ་ཡིན།

ང རོ་ཁ་བའི་རིགས་དེ་ཡིན།

ཅ  མྱ་ངན་སེམས་ལས་རིགས་དེ་ཡིན།

༦  གཤམ་གསལ་དྲིས་ལན་ཁག་ལས་རླུང་ནད་གནས་ཀྱི་དབྱེ་བ་མདོར་བསྡུས་ཀྱི་ཁོངས་སུ་འཇོག་མི་རུང་བ་དེ་ནི།

ཀ དུས་རླུང་ཡིན།

ཁ མགོ་རླུང་ཡིན།

ག  སྙིང་རླུང་ཡིན།

ང གློ་རླུང་ཡིན།

ཅ  ཕོ་རླུང་ཡིན།

༧  གཤམ་གསལ་དྲིས་ལན་ཁག་ལས་བརྒྱལ་གཟེར་གྱི་སྨན་སྦྱོར་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ བླ་མེད་ཡིན།

ཁ བྱང་པ་བཅུ་གཅིག་ཡིན།

ག  རིན་ཆེན་ཟླ་འོད་ཡིན།

ང བྱུ་དམར་ཉེར་ལྔ་ཡིན།

ཅ  བསམ་འཕེལ་ནོར་བུ་ཡིན།

༨  གཤམ་གསལ་དྲིས་ལན་ཁག་ལས་བརྒྱལ་གཟེར་གྱི་ནད་རྟགས་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ གློ་བུར་དུ་འགྱེལ་འགྲོ་བ་དེ་ཡིན།

ཁ ཁ་ནས་ལྦུ་སྐྱུགས་པ་དེ་ཡིན།

ག  ཡན་ལག་རེངས་འཁུམ་བྱེད་པ་དེ་ཡིན།

ང ཤེས་པ་འཕྱོལ་ནས་འཆལ་གཏམ་སྨྲ་བ་དེ་ཡིན།

ཅ  ཡུད་ཙམ་ཞིག་ལ་དྲན་པ་གསོལ་པ་དེ་ཡིན།

༩  གཤམ་གསལ་དྲིས་ལན་ཁག་ལས་བད་ཀན་སྨུག་པོའི་ནད་ཀྱི་རྒྱུ་མ་ཡིན་པ་དེ་ནི།

ཀ བད་ཀན་ཡིན།

ཁ ཁྲག་ངན་ཡིན།

ག  ཆུ་ཆེར་ཡིན།

ང མཁྲིས་པ་ཡིན།

ཅ  རླུང་ནད་ཡིན།

༡༠  གཤམ་གསལ་དྲིས་ལན་ཁག་ལས་སྨུག་པོའི་ཚ་རྐྱེན་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ འགྲམས་ཁྲག་ལྷག་པ་དེ་ཡིན།

ཁ མཚོན་ཁྲག་ལུས་པ་དེ་ཡིན།

ག  རོ་མངར་བའི་རིགས་དེ་ཡིན།

ང རོ་ཚ་བའི་རིགས་དེ་ཡིན།

ཅ  རོ་སྐྱུར་བའི་རིགས་དེ་ཡིན།

༡༡  སྨུག་པོའི་དུས་རིམ་གྱི་དབྱེ་བ་དེ་རྣམ་གྲངས་ཇི་ཙམ་ལ་འདུས་ཡོད་དམ།

གཉིས་ལ་འདུས་ཡོད།  

ཁ གསུམ་ལ་འདུས་ཡོད།

ག  བཞི་ལ་འདུས་ཡོད།

ང ལྔ་ལ་འདུས་ཡོད།

ཅ  དྲུག་ལ་འདུས་ཡོད།

༡༢  གཤམ་གསལ་དྲིས་ལན་ཁག་ལས་སྨུག་པོའི་རིགས་ཀྱི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ འདྲིལ་བ་དེ་ཡིན།

ཁ འཐབ་པ་དེ་ཡིན།

ག  རྒྱས་པ་དེ་ཡིན།

ང འགྱིངས་པ་དེ་ཡིན།

ཅ  བྱེར་བ་དེ་ཡིན།

༡༣  གཤམ་གསལ་དྲིས་ལན་ཁག་ལས་སྨུག་པོ་སྐྲན་དུ་འདྲིལ་སའི་གནས་མ་ཡིན་པ་དེ་ནི།

ཀ མཆིན་པ་ཡིན།

ཁ མཆེར་བ་ཡིན།

ག  ཕོ་བ་ཡིན།

ང རྒྱུ་ལོང་ཡིན།

ཅ  མཁྲིས་པ་ཡིན།

༡༤  གཤམ་གསལ་དྲིས་ལན་ཁག་ལས་ཟུངས་ཁྲག་ཟད་པའི་སྨན་སྦྱོར་མ་ཡིན་པ་དེ་ནི།

ཀ དྭ་ལི་བཅུ་དྲུག་ཡིན།

ཁ བཟང་པོ་ལྔ་པ་ཡིན།

ག  དྭ་ལི་བཅོ་བརྒྱད་ཡིན།

ང བྲེ་ཚེར་དྲུག་པ་ཡིན།

ཅ བདུད་རྩི་བཅུ་གཅིག་ཡིན།

༡༥  གློ་ནད་ཐེས་པོའི་ནད་གྱུར་གྱི་ངོ་བོ་དེ་གང་ཞིག་ཡིན་ནམ།

ཀ རླུང་འཕེལ་ནས་གློ་བུར་ཞུགས་པ་དེ་ཡིན།

ཁ ངལ་དུབ་ཀྱིས་ཆུ་ཤོར་བ་དེ་ཡིན།

ག  ཚ་བ་ཞུགས་ནས་གཉན་ཁ་རྒྱས་པ་དེ་ཡིན།

ང བད་ཀན་ཞུགས་ནས་ལུད་པ་འཕེལ་བ་དེ་ཡིན།

ཅ  གློ་བར་རྣག་བསགས་ནས་རྣག་ཤ་ཆགས་པ་དེ་ཡིན།

༡༦  མཆིན་ནད་ལྡེབ་བུའི་ནད་ཀྱི་དཔེ་མཚོན་ནད་རྟགས་ནི།

ཀ རྩིབ་ཐུང་གཟེར་ཞིང་ཤ་མདངས་སེར་བ་དེ་ཡིན།

ཁ སྔ་དགོང་ན་ཞིང་གྲང་ན་སྐྱུགས་པ་དེ་ཡིན།

ག  ཟོས་རྗེས་མཆིན་ཁམས་གཟེར་བ་དེ་ཡིན།

ང མིག་དམར་སྟོད་མཆན་གཟེར་བ་དེ་ཡིན།

ཅ  ན་བ་མི་ཚོར་ཤ་སྐམ་དང་ག་མེད་པ་དེ་ཡིན།

༡༧  གཤམ་གསལ་དྲིས་ལན་ཁག་ལས་མཁལ་ནད་ཀྱི་སློང་རྐྱེན་མ་ཡིན་པ་དེ་ནི།

ཀ ཆགས་པས་དུབ་པ་དེ་ཡིན།

ཁ བརྡབ་འགྲམས་ཞུགས་པ་དེ་ཡིན།

ག  མི་ཐེག་བཞིན་དུ་ཁུར་བ་དེ་ཡིན།

ང ཟས་སྐོམ་མངར་ལྕིའི་གྲས་བསྟེན་དྲགས་པ་དེ་ཡིན།

ཅ  བརླན་གཤེར་གནས་སུ་འདུག་དྲགས་པ་དེ་ཡིན།

༡༨  སྐྱིགས་བུའི་ནད་ཀྱི་ནད་གྱུར་གྱི་ངོ་བོ་དེ་གང་ཡིན་ཞེ་ན།

ཀ ཐུར་སེལ་རླུང་ལོག་པ་དེ་ཡིན།

ཁ ཟས་སྐོམ་མི་ཞུ་བ་དེ་ཡིན།

ག  གྱེན་རྒྱུའི་རླུང་འཁྲུགས་པ་དེ་ཡིན།

ང ཁྱབ་བྱེད་རླུང་འཁྲུགས་པ་དེ་ཡིན།

ཅ  ལུས་ཁམས་འཁྱག་དྲགས་པ་དེ་ཡིན།

༡༩  གླང་ཐབས་ནད་ཀྱི་རིགས་ཀྱི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀསྲིན་གླང་ཡིན།

ཁ གཉན་གླང་ཡིན།

ག  རྩ་གླང་ཡིན།

ང ཚ་གླང་ཡིན།

ཅ  གྲང་གླང་ཡིན།

དྲིན་ལན།

༢༠  དྲེག་ནད་གསར་དུས་ཀྱི་གནས་ས་གཙོ་བོ་ནི།

ཀ ཁྲག་ལ་གནས་པ་དེ་ཡིན།

ཁ རྩ་རུ་ཁྱབ་པ་ཞིག་ཡིན།

ག  ཆུ་བར་གནས་པ་ཞིག་ཡིན།

ང རུས་ལ་ཞེན་པ་ཞིག་ཡིན།

ཅ  ཚིགས་ལ་གནས་པ་ཞིག་ཡིན།

༢༡  དྲེག་ནད་དེ་དཔྱད་ཀྱི་གཉེན་པོ་གང་གིས་བཅོས་དགོས་སམ་ཞེ་ན།

ཀ ལུམས་དང་བཤལ་གྱིས་བཅོས་དགོས།

ཁ གཏར་དང་ཐུར་མས་བཅོས་དགོས།

ག  མེ་དང་རྔབས་རྭས་བཅོས་དགོས།

ང དུགས་དང་བྱུག་པས་བཅོས་དགོས།

ཅ  སྦྱོངས་དང་སྐྱུགས་ཀྱིས་བཅོས་དགོས།

༢༢   གྲུམ་ནད་ཀྱི་ནད་གྱུར་ངོ་བོ་ནི།

རླུང་ཁྲག་འཁྲུགས་ཏེ་རུས་པར་ཞེན་པ་དེ་ཡིན།

ཁ བད་ཁྲག་རྒྱས་པ་རྩ་རྒྱུས་ལ་ཞེན་པ་དེ་ཡིན།

ག  དྭངས་མ་མ་ཞུའི་ཆུ་སེར་ཚིགས་ལ་ཞེན་པ་དེ་ཡིན།

ང ཁྲག་ངན་རྒྱས་ནས་ཤ་རུས་འདྲུལ་བ་དེ་ཡིན།

ཅ  འགྲམས་ཚད་ཀྱིས་རུས་ཚིགས་གྲུམས་པ་དེ་ཡིན།

༢༣  མ་ཞུའི་རྒྱུས་བསྐྱེད་པའི་འབྲས་བུ་གཅོང་ནད་གསར་པའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ ལྷེན་ནད་ཡིན།

ཁ ལྕགས་དྲེག་ཡིན།

ག  མེ་དྲོད་ཉམས་པ་ཡིན།

ང དུག་གི་གཅོང་ཡིན།

ཅ  སྐྱ་རྦབ་ཡིན།

༢༤   སྐྲན་དུ་གྱུར་པའི་ནད་རིགས་དེ་དག་གི་ནང་ནས་རྒྱུན་མཐོང་མ་ཡིན་པ་དེ་ནི།

ཀ ཁྲག་སྐྲན་དེ་ཡིན།

ཁ མཁྲིས་སྐྲན་དེ་ཡིན།

ག  སྲིན་སྐྲན་དེ་ཡིན།

ང རྣག་སྐྲན་དེ་ཡིན།

ཅ  སྤུ་སྐྲན་དེ་ཡིན།

༢༥  ཕྱི་སྐྲན་འབྱུང་སའི་གནས་གཙོ་བི་དེ་གང་དུ་ཡིན་ནམ།

ཀ སྣོད་ཀྱི་ནང་ལྡེབས་དང་དོན་གྱི་གོགས་སུ་ཡིན།

ཁ དོན་སྣོད་ཀུན་གྱི་གཏིང་ཟབ་སར་ཡིན།

ག  ཤ་ལྤགས་ཕྱི་དང་དོན་གྱི་ལྡེབས་སུ་ཡིན།

ང སྣོད་ཀྱི་ཕྱི་དང་ཤ་ལྤགས་ཀྱི་བར་དུ་ཡིན།

ཅ  སྙིང་གི་ལོགས་དང་གློ་བའི་ལྡེབས་སུ་ཡིན།

༢༦  འོར་ནད་ཀྱི་རྐྱེན་གསུམ་པོའི་ནང་ནས་དུས་ཀྱི་རྐྱེན་དེ་ནི།

ཀ སྐྱ་རྦབ་བཅོས་ཉེས་ལས་བྱུང་བ་ཡིན།

ཁ སྐྱ་རྦབ་རྙིང་པ་ལས་བྱུང་བ་ཡིན།

ག  ཆུ་སེར་འོར་དུ་ལྷུང་བ་ལས་བྱུང་བ་ཡིན།

ང བསིལ་སྦྱོར་ཐལ་དྲགས་པ་ལས་བྱུང་བ་ཡིན།

ངན་ཁྲག་རྩ་མིག་ཏུ་བྱེར་བ་ལས་བྱུང་བ་ཡིན།

༢༧  ཚ་ཆུའི་ནད་ཀྱི་མངོན་རྟགས་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ རྩ་གྲིམས་ཞིང་མགྱོགས་པ་དེ་ཡིན།

ཁ ཆུ་མདོག་དམར་རམ་སེར་བ་དེ་ཡིན།

ག  མགོ་ལག་ཡན་ལག་སྐྲངས་ཆེ་བ་དེ་ཡིན།

ང མིག་སྤྲིན་སེར་པོར་གྱུར་པ་དེ་ཡིན།

ཅ  ཡན་ལག་ཕྲ་ཞིང་སྐམ་པ་དེ་ཡིན།

༢༨  ནད་གཞིའི་མཁྲིས་པའི་མཚན་ཉིད་རྣོ་ཚ་གཉིས་པོ་ཆེར་འཕེལ་བའི་རྟགས་སུ།

ཀ ལུས་ཁམས་ནས་དྲི་ངན་མན་མ་པ་ཡིན།

ཁ ལྟོ་བ་ཡང་ཡང་འཁྲུ་བ་ཡིན།

ག  གཉེན་པོའི་ཁ་ན་ཟློག་སླ་བ་ཡིན།

ང གཏར་ཁྲག་དང་ལུད་པ་སླ་བ་ཡིན།

ཅ  ནད་མྱུར་དུ་སྨིན་ཅིང་དྲོད་ཆེ་བ་དེ་ཡིན།

༢༩  རིགས་ཀྱི་ཚ་བ་བཞི་པོའི་ཁོངས་སུ་མ་གཏོགས་པ་དེ་ནི་གང་ཡིན་ནམ།

ཀ འགྲམས་ཚད་ཡིན།

ཁ རྒྱས་ཚད་ཡིན།

ག  རིམས་ཚད་ཡིན།

ང འཁྲུགས་ཚད་ཡིན།

ཅ  དུག་ཚད་ཡིན།

༣༠  ཟུངས་བཟང་དར་མའི་ཚ་བའི་བཅོས་ཚུལ་ཀྱི་རྩ་དོན་ནི།

ཀ ཐོག་བབས་ལྟར་གཟོད་དགོས་པ་དེ་ཡིན།

ཁ དགྲ་བོ་ལྟར་བསད་དགོས་པ་དེ་ཡིན།

ག  བུ་ཚ་ལྟར་གསོ་དགོས་པ་དེ་ཡིན།

ང གཉེན་ལྟར་བསྟེན་དགོས་པ་དེ་ཡིན།

ཅ  ངང་གིས་འདོན་དགོས་པ་དེ་ཡིན།

༣༡  རྟེན་གྱི་ཚ་བ་ངེས་པའི་རྟགས་དེ་གང་གིས་ཤེས་པར་འགྱུར་རམ།

ཀ བསྡོངས་ཟླའི་ནད་རྟགས་ལས་ཤེས་ཐུབ།

ཁ འཇུག་སྒོ་གར་གནས་ལས་ཤེས་ཐུབ།

ག  ན་སོའི་རིམ་པ་ལས་ཤེས་ཐུབ།

ང ཕན་གནོད་གོམས་པ་ལས་ཤེས་ཐུབ།

ཅ  ལྡང་བའི་ཡུལ་དུས་ལས་ཤེས་ཐུབ།

༣༢  སྟོངས་ཚད་སྐབས་ཀྱི་དབྱེ་བའི་ནང་ནས་ཚ་སྟོངས་ཞེས་པའི་ནད་གྱུར་གྱི་ངོ་བོ་ནི།

ཀ ཚད་གཞུག་རླུང་གིས་བུས་པ་དེ་ཡིན།

ཁ ཚད་གཞུག་བད་ཀན་དང་བསྡོངས་པ་དེ་ཡིན།

ག  ཚད་རོ་ཡུན་དུ་ལུས་པ་དེ་ཡིན།

ང ཚད་གཞུག་ཆུ་སེར་དང་བསྡོངས་པ་དེ་ཡིན།

ཅ  ཚད་གཞུག་ཁྲག་དང་བསྡོངས་པ་དེ་ཡིན།

༣༣  གཤམ་གསལ་དྲིས་ལན་ཁག་ལས་རྙོགས་ཚད་ནད་དུ་ངེས་པའི་རྟགས་ཀྱི་ཁོངས་སུ་མ་གཏོགས་པ་དེ་གང་ཡིན་ནམ།

ཀ གྲང་ཤུམ་བྱེད་པ་དེ་ཡིན།

ཁ ལུས་རྔུལ་བ་དེ་ཡིན།

ག  ལྤགས་པ་བརྩེ་བ་དེ་ཡིན།

ང སྣ་ཁྲག་འབྱུང་བ་དེ་ཡིན།

ཅ  ལུས་སྐྲངས་པ་དེ་ཡིན།

༣༤  སིབ་ཐོར་ཐོག་མར་དོན་སའི་གནས་དེ་གང་དུ་ཡིན་ནམ།

ཀ ཁ་སྦུབ་ནང་ལྡེབས་སུ་ཡིན།

ཁ རྣ་རྒྱབ་དང་མཇིང་པ་ཡིན།

ག  གྲོད་ཁོག་ལྡེབས་སུ་ཡིན།

ང བྲང་ཁོག་ལྡེབས་སུ་ཡོད།

ཅ  སྒལ་གཞུང་རྒྱུད་དུ་ཡིན།

༣༥  ཚ་བ་མ་སྨིན་པ་སྨིན་པར་གྱུར་པའི་ལྕེ་སྟེང་གི་མངོན་རྟགས་ནི།

ལྕེ་མདོག་དཀར་སེར་རླུང་འབྲུམ་མེད་པ་དེ་ཡིན།

ཁ ལྕེ་མདོག་སེར་ལ་སྐམ་ཁོག་ལྡན་པ་དེ་ཡིན།

ག  ལྕེ་མདོག་དམར་ཞིང་སྐམ་རྩུབ་ལྡན་པ་དེ་ཡིན།

ང ལྕེ་མདོག་སྐྱ་ལ་སྐམ་ཁོག་ལྡན་པ་དེ་ཡིན།

ཅ  ལྕེ་མདོག་སྐྱ་གླེག་མདོག་མདངས་མེད་པ་དེ་ཡིན།

༣༦  འཁྲུགས་ཚད་ནད་ཀྱི་ཁྱད་པར་སློང་རྐྱེན་དེ་གང་ཞིག་ཡིན་ནམ།

ཀ དུས་གདོན་གཉིས་ཡིན།

ཁ ཟས་སྤྱོད་གཉིས་ཡིན།

ག  ཡུལ་དུས་གཉིས་ཡིན།

ང ཟས་སྐོམ་གཉིས་ཡིན།

ཅ  ཁྲག་མཁྲིས་གཉིས་ཡིན།

༣༧  རླུང་འབུད་ཅན་གྱི་ཚ་བའི་ནད་ལ་སྦྱོང་མི་རུང་བའི་རྒྱུ་མཚན་གང་ཡིན་ནམ

ཀ  ཚ་བ་བྱེར་འགྲོ་བས་སོ།

ཁ  བཤལ་དགྲ་རླུང་ཡིན་པས་སོ།

ག  ཚ་བ་སྡུད་མི་ཐུབ་པས་སོ།

ང  ཚ་བ་འཁྲུགས་འགྲོ་བས་སོ།

ཅ  དུག་ཚད་སྐྱོད་སླ་བས་སོ།

༣༨  རིམས་བལ་ནད་དེ་ཉིད་ཉེས་པའི་དབང་དུ་བྱས་ན་དང་པོའི་ཞག་གསུམ་གྱི་དུས་དེ་ནི།

ཀ རི་ཐང་མཚམས་ཀྱི་དུས་ཡིན།

ཁ  རླུང་ཁྲག་འཐབ་པའི་དུས་ཡིན།

ག  བད་ཀན་རྐྱང་བའི་དུས་ཡིན།

ང མཁྲིས་པ་རྐྱང་པའི་དུས་ཡིན།

ཅ  ཁྲག་རྐྱང་པའི་དུས་ཡིན།

༣༩  གཤམ་གསལ་དྲིས་ལན་ཁག་ལས་རྒྱུ་གཟེར་གྱི་སྤྱིའི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་གང་ཡིན་ནམ།

ཀ དོན་འཁྲུ་ཡིན།

ཁ སྣོད་འཁྲུ་ཡིན།

ག  གཤེར་འཁྲུ་ཡིན།

ང  སྟོབས་ཆེན་ཡིན།

ཅ  སྟོབས་ཆུང་ཡིན།

༤༠  མིག་ནད་ལིང་ཐོག་འབྱུང་སའི་གནས་གཙོ་བོ་དེ་གང་དུ་ཡིན་ནམ།

ཀ མིག་ལྕིབས་ཀྱི་ནང་ངོས་སུ་ཡིན།

ཁ མིག་གི་སྤྲིན་སྐྱིའི་སྟེང་དུ་ཡིན།

ག  མིག་གི་རྒྱལ་མོའི་སྟེང་དུ་ཡིན།

ང མིག་གི་རྫི་མའི་ཁྲོད་དུ་ཡིན།

ཅ  མིག་གི་ཤ་གྲིམ་སྟེང་དུ་ཡིན།

༤༡  གཤམ་གསལ་དེ་དག་གི་ནང་ནས་མགོ་སྲིན་གྱི་ནད་རྟགས་ཁོངས་སུ་མ་གཏོགས་པ་དེ་གང་དང་ཅི་ཡིན་ནམ།

ཀ སེམས་འཁྲུལ་ཞིང་མི་བཟོད་པར་ན་བ་དེ་ཡིན།

ཁ མེ་དང་ཉི་མས་དྲོས་ཚེ་ན་བ་དེ་ཡིན།

ག  སྣབས་དམར་ཞིང་རྒྱ་སྲུབས་སྟེང་གཟེར་བ་དེ་ཡིན།

ང ཟས་སྤྱོད་རིགས་ཀྱིས་གནོད་ཆུང་བ་དེ་ཡིན།

ཅ  སྒྲ་སྐད་དྲག་ཤུལ་རིགས་ཀྱིས་ནད་ལྡང་བ་དེ་ཡིན།

༤༢  གཤམ་གསལ་དེ་དག་གི་ནང་ནས་ལྕེ་ནད་ཀྱི་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་གང་ཡིན་ནམ།

ཀ རླུང་གྱུར་ཡིན།

ཁ ལྕེ་ལྷག་ཡིན།

ག  བད་གྱུར་ཡིན།

ང མཁྲིས་གྱུར་ཡིན།

ཅ  ལྕེ་འདྲ་ཡིན།

༤༣  ཞོ་འཐུང་གི་བྱིས་པར་སྨན་དཔྱད་བྱེད་སྐབས་སུ་ལ་བྱེད་དགོས་སམ།

ཀ བྱིས་པའི་བུ་རྫིར་བྱེད་དགོསཞ

ཁ བྱིས་པ་རང་ཉིད་ལ་བྱེད་དགོས།

ག  མ་དང་བུ་གཉིས་ཀར་བྱེད་དགོས།

ང བྱིས་པ་རང་ཉིད་ལ་བྱེད་དགོས།

ཅ  བུ་རྫི་དང་བུ་གཉིས་ཀར་བྱེད་དགོས།

༤༤   ལྟེ་བ་གཅོད་སྐབས་བེད་སྤྱོད་བྱེད་མི་རུང་བ་དེ་ནི།

ཀ ལྟེ་བ་ནས་སོར་བཞི་འཇལ་བའི་མཚམས་སོ།

ཁ གཅོད་མཚམས་ཡས་མས་སུ་ཁྲག་དེད་དགོས།

ག  སྐུད་པས་མ་བུའི་ཕྱོགས་ནས་བསྡོམས་དགོས།

ང བསྡམས་མཚམས་གཉིས་ཀྱི་དབུས་ནས་གཅོད་དོ།

ཅ  ཟས་སྨན་རིགས་ཀྱིས་ཁྲག་ཤོར་གཅོད་དགོས།

༤༥   བྱིས་པ་བཙས་ནས་བཀྲ་ཤིས་སྨོན་ཚིག་སྐབས་བརྗོད་མི་རུང་བ་དེ་ནི།

ཀ ངན་དགུ་ཐུབ་པར་ཤོག

ཁ སྟོན་བརྒྱ་མཐོང་བར་ཤོག

ག  ཚེ་རིང་དཔལ་ཐོབ་ཤོག

ང གནོད་པས་ཚུགས་པར་ཤོག

ཅ  བདེ་སྐྱིད་ཕུན་ཚོགས་ཤོག

༤༦  ཞོ་འཐུང་གི་བྱིས་པའི་སྤྱོད་ལམ་གྱི་ནང་ནས་ཚུལ་དང་མི་མཐུན་པ་དེ་ནི།

ཀ མིག་ལ་ཉི་ཟེར་མི་ཕོག་པ་བྱེ་བ་དེ་ཡིན།

ཁ ལུས་ཁམས་གྲང་དུ་མི་གཞུག་པར་བྱ་བ་དེ་ཡིན།

ག  མལ་ནས་བསླངས་མི་སྔ་བར་བྱ་བ་དེ་ཡིན།

ང པང་དུ་ཡོན་པོར་མི་བཟུང་བར་བྱ་བ་དེ་ཡིན།

ཅ  རྟག་ཏུ་ཉི་མར་བསྲོ་བར་བྱ་བ་དེ་ཡིན།

༤༧  གཤམ་གསལ་དྲིས་ལན་ཁག་ལས་བུ་སྣོད་ལུག་པའི་རྒྱུ་རྐྱེན་དུ་མི་གཏོགས་པ་དེ་ནི།

ཀ ཐུར་སེལ་རླུང་གི་བྱེད་ལས་ཉམས་པ་དེ་ཡིན།

ཁ བཙས་རྗེས་ལུས་གྲང་བ་དེ་ཡིན།

ག  བཙས་རྗེས་རྩུབ་པའི་སྤྱོད་ལམ་བརྟེན་པ་དེ་ཡིན།

ང བཙས་རྗེས་ནན་གྱིས་བཙིར་དྲགས་པ་དེ་ཡིན།

ཅ  བཙས་རྗེས་དལ་བར་འདུག་དྲགས་པ་དེ་ཡིན།

༤༨  མོ་ནད་ཕལ་བའི་ནད་བརྒྱད་ཅེས་པ་དེ་ནི།

ཀ བུད་མེད་ཀྱི་ནད་གཞི་གཙོ་བོ་མ་ཡིན་པར་ཟེར།

ཁ  བུད་མེད་ཀྱི་ནད་རིགས་སྤྱིར་བཏང་བ་རྣམས་ལ་ཟེར།

ག  རབ་བྱུང་མིན་པའི་བུད་མེད་ཕལ་པར་ཟེར།

ང རབ་བྱུང་བུད་མེད་ཀྱི་ནད་རིགས་ཕལ་པར་ཟེར།

ཅ  གོང་གསལ་དེ་དག་བཞི་གར་ཟེར་བ་ཡིན།

༤༩  བད་ཀན་རང་རྒྱུད་ཅན་རྐྱང་པའི་ནད་དེ་ནི།

ཀ བད་ཀན་ལྷེན་ནད་དེ་ཡིན།

ཁ བད་ཀན་མེ་ཉམས་དེ་ཡིན།

ག  བད་ཀན་སྐྱ་བོ་དེ་ཡིན།

ང བད་ཀན་ལྕགས་དྲེག་དེ་ཡིན།

ཅ  བད་ཀན་འགུལ་འགགས་དེ་ཡིན།

༥༠  བད་ཀན་ནད་ལ་གཉེན་པོ་སྨན་གྱིས་རྩ་བ་མ་ཐོན་ན་དཔྱད་ཀྱི་གཉེན་པོ་གང་བསྟེན་དགོས་སམ།

ཀ  དྲོད་དུགས་བྱ་དགོས་པ་ཡིན།

ཁ གང་ཉེའི་ལམ་ནས་སྦྱང་དགོས་པ་ཡིན།

ག  ལུམས་བྱ་དགོས་པ་ཡིན།

ང བྱུག་པ་བྱ་དགོས་པ་ཡིན།

ཅ  མེ་བཙའ་འཇོག་དགོས་པ་ཡིན།

༥༡  སྨུག་པོའི་ནད་གྲང་རྐྱེན་མས་ཆགས་ཞེས་པ་དེ་གང་ཡིན་ནམ།

ཀ ཕོ་བར་མ་ཞུ་བེ་སྣབས་འཕེལ་བ་ཡིན།

ཁ མཆིན་པར་ཁྲག་ངན་རྒྱས་པ་ཡིན།

ག  ཕོ་བའི་མེ་དྲོད་ཉམས་པ་ཡིན།

ང ཕོ་བར་མཆིན་ཁྲག་ལྷུང་བ་ཡིན།

ཅ  གོང་གསལ་དེ་དག་བཞི་ཀ་མིན།

༥༢  སྨུག་པོའི་རང་གནས་བཞི་ལས་མཆིན་པར་གནས་པའི་ཚེ།

ཀ རླུང་གི་ནད་དང་འདྲ་བ་ཡིན།

ཁ མཁྲིས་པའི་ནད་དང་འདྲ་བ་ཡིན།

ག  བད་ཀན་ནད་དང་འདྲ་བ་ཡིན།

ང ཁྲག་གི་ནད་དང་འདྲ་བ་ཡིན།

ཅ  ཆུ་སེར་གྱི་ནད་དང་འདྲ་བ་ཡིན།

༥༣   སྨུག་པོའི་ནད་ཀྱི་གཉེན་པོ་གངས་ཐིག་བཅུ་དྲུག་གི་སྦྱོར་བ་དེ་ནི།

ཀ སྨུག་པོ་ཚ་བའི་དུས་ཀྱི་གཉེན་པོ་ཡིན།

ཁ སྨུག་པོ་གྲང་བའི་དུས་ཀྱི་གཉེན་པོ་ཡིན།

ག  སྨུག་པོ་ཚ་གྲང་འཐབ་པའི་གཉེན་པོ་ཡིན།

ང སྨུག་པོ་གབ་འགྱིངས་ཀྱི་གཉེན་པོ་ཡིན།

ཅ  སྨུག་པོ་ཐུར་རལ་གྱི་གཉེན་པོ་ཡིན།

༥༤   ངན་ཁྲག་རྒྱས་པའི་ནད་ལ་དཔྱད་བཅོས་གཙོ་བོ་དེ་ནི།

ཀ གཏར་ག་ཡིན།

ཁ མེ་བཙའ་ཡིན།

ག  ཐུར་མ་ཡིན།

ང དུགས་ཡིན།

ཅ  བྱུགས་པ་ཡིན།

༥༥  རྨ་གསར་བའི་དུས་ཟས་སྐོམ་སྨྱུང་བར་བྱ་དགོས་དོན་གང་ཡིན་ཞེ་ན།

ཀ ཆུ་སེར་མི་སྐྱེ་པའི་ཕྱིར་ཡིན།

ཁ སྐྲངས་ཤིང་ཁྲག་ངན་མི་རྒྱས་པའི་ཕྱིར་ཡིན།

ག  སྐྲངས་པ་རྣག་ཏུ་མི་འགྲོ་བའི་ཕྱིར་ཡིན།

ང ཉམས་སྟོབས་དམད་པའི་ཕྱིར་ཡིན།

ཅ  གོང་གསལ་དེ་དག་བཞི་ཀ་མིན།

༥༦  གཤམ་གསལ་དྲིས་ལན་ཁག་ལས་རུས་ཆག་གི་བཅོས་ཐབས་མ་ཡིན་པ་དེ་ནི།

ཀ ཆིངས་ཀྱིས་བཅོས་པ་དེ་ཡིན།

ཁ ཁོང་སྨན་གྱིས་བཅོས་པ་དེ་ཡིན།

ག  སྒྱོགས་ཀྱིས་བཅོས་པ་དེ་ཡིན།

ང དེབ་ཀྱིས་བཅོས་པ་དེ་ཡིན།

ཅ  ལུམས་ཀྱིས་བཅོས་པ་དེ་ཡིན།

༥༧  འབམ་སྨན་ཨ་གར་སོ་ལྔའི་ནང་ནས་འཕྲི་དགོས་པའི་གཉན་སྨན་བཞིའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ གུ་གུལ་ཡིན།

ཁ གླ་རྩི་ཡིན།

ག  འཛིན་པ་ཡིན།

ང གོ་བྱི་ལ་ཡིན

ཅ  གཟེར་འཇོམས་ཡིན།

༥༨  ཡན་ལག་གི་རྨ་གསོའི་སྐབས་སུ་བསྟན་པའི་དེབ་བཅོས་ཀྱི་དབྱེ་བ་དྲུག་པོའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ ཤོག་དེབ་ཡིན།

ཁ ཕྱིང་དེབ་ཡིན།                                                                      

ག  རྩྭ་དེབ་ཡིན།

ང སྤུ་དེབ་ཡིན།

ཅ  སྦང་དེབ་ཡིན།

༥༩  ལྷུ་ཚིགས་གནས་སུ་ཚུད་པའི་མངོན་རྟགས་བཞི་པོའི་ཁོངས་སུ་གཏོགས་པ་དེ་ནི།

ཀ བརྒྱུས་སྐབས་སྒྲ་འབྱུང་བ་དེ་ཡིན།

ཁ བརྒྱུས་ནས་འབུར་པོ་ནུབ་པ་དེ་ཡིན།

ག  བརྐྱང་བསྐུམ་བཏུབ་པ་དེ་ཡིན།

ང མཉམ་པར་གནས་པ་དེ་ཡིན།

ཅ  ཟུག་གཟེར་བྲི་བ་དེ་ཡིན།

༦༠  ཞ་སྒུར་ཤོ་རེ་སོགས་བྱིས་པའི་ལྷན་སྐྱེས་ནད་ཐམས་ཅད་གསོ་རུང་ངམ།

ཀ སྤྱིར་གསོ་མི་རུང་བ་ཡིན།

ཁ གཏན་ནས་གསོ་མི་རུང་བ་ཡིན།

ག  ལ་ལ་གསོ་རུང་བ་ཡིན།

ང ལ་ལ་གསོ་མི་རུང་བ་ཡིན།

ཅ  རྟེན་གྱི་དབང་གིས་གསོ་མི་རུང་བ་ཡིན།

༦༡  སྐྱེ་མཆེད་ཤེས་རྟགས་ལས་ངག་གི་དྲི་བའི་རྟགས་གཙོ་བོ་ནི།

ཀ གན་རྐྱལ་དུ་སྐྱེ་བ་དེ་ཡིན།

ཁ ངུ་སྐད་དྲག་ཏུ་སྒྲོག་པ་དེ་ཡིན།

ག  ནུ་མ་རབ་ཏུ་འཇིབ་པ་དེ་ཡིན།

ང སྐྲ་མཚམས་མགོ་བ་དེ་ཡིན

ཅ  གོང་གསལ་དེ་བཞི་ཀ་མ་ཡིན།

༦༢  གཤམ་གསལ་གྱི་ནད་རིགས་ཁག་ལས་ཁྲག་ཚབས་བཅུའི་ཁོངས་སུ་མ་གཏོགས་པའི་ནད་དེ་ནི།

ཀ ནུ་ཚབས་ཡིན།

ཁ འོ་ཚབས་ཡིན།

ག  དུས་ཚབས་ཡིན།

ང མཁྲིས་ཚབས་ཡིན།

ཅ  རྒྱུ་ཚབས་ཡིན།

༦༣  གཤམ་གསལ་དྲིས་ལན་ཁག་ལས་ཚིགས་པ་དྲུག་པ་བསྲེག་དགོས་པའི་ནད་དེ་གང་ཡིན་ནམ།

ཀ མགོ་བོའི་རླུང་ཚབས་ཡིན།

ཁ རུས་པའི་རླུང་ཚབས་ཡིན།

ག  སྙིང་གི་རླུང་ཚབས་ཡིན།

ང གློ་བའི་ཁྲག་ཚབས་ཡིན།

ཅ  གློ་བའི་རླུང་ཚབས་ཡིན།

༦༤  གཤམ་གསལ་དྲིས་ལན་ཁག་ལས་མཆིན་ནད་དབྱེ་བའི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ ཧལ་སྐེམ་དེ་ཡིན།

ཁ ཁྲག་སྦོས་དེ་ཡིན།

ག  གནད་མཆིན་སྤྱད་བྱེད་དེ་ཡིན།

ང ལྡེམ་བུ་དེ་ཡིན།

ཅ  ལེབ་བརྒན་དེ་ཡིན།

༦༥  མཁལ་འགྲམས་བྱེར་རྒྱས་ལྷུང་གསུམ་ལས་བྱེར་བའི་གནས་ནི།

ཀ ནང་ལ་བྱེར་བ་ཡིན།

ཁ ལུས་སྨད་ལ་བྱེར་བ་ཡིན།

ག  སྣོད་ལ་བྱེར་བ་ཡིན།

ང ཕྱི་ལ་བྱེར་བ་ཡིན།

ཅ  ལུས་སྟོད་ལ་བྱེར་བ་ཡིན།

༦༦  གཤམ་གསལ་དྲིས་ལན་ཁག་ལས་རྒྱུ་མའི་ནད་རིགས་ཀྱི་ཁོངས་སུ་མ་གཏོགས་པ་དེ་ནི།

ཀ རྒྱུ་འཁྱིལ་ཡིན།

ཁ རྒྱུ་རླུགས་ཡིན།

ག  རྒྱུ་འགྱིངས་ཡིན།

ང རྒྱུ་འགགས་ཡིན།

ཅ  རྒྱུ་ཁྲོག་ཡིན།

༦༧  རྒྱུ་གཟེར་གྱི་ནད་གྱུར་ངོ་བོ་དེ་གང་ཞིག་ཡིན་ནམ།

ཀ མཆིན་ཚད་ཐུར་དུ་བབས་པ་དེ་ཡིན།

ཁ རྒྱུ་མར་རླུང་ཞུགས་པ་དེ་ཡིན།

ག  མེ་དྲོད་ཉམས་པ་ལས་འབྱུང་བ་དེ་ཡིན།

ང མ་ཞུ་བས་འཁྲུ་བ་དེ་ཡིན།

ཅ  ཐུར་སེལ་རླུང་ལོག་པ་དེ་ཡིན།

༦༨  རྒྱུ་རྒན་ནད་ཀྱི་ཁྱད་པར་ནད་རྟགས་མ་ཡིན་པ་དེ་ནི།

ཀ རྒྱུན་དུ་ལྟོ་བ་བཤལ་བ་དེ་ཡིན།

ཁ བཤལ་དུས་ན་ཟུག་ཆུང་བ།

ག  བཤལ་མདོག་མ་ངེས་པ་དེ་ཡིན།

ང ལུས་སྟོབས་ཞན་དུ་འགྲོ་བ་དེ་ཡིན།

ཅ  མེ་དྲོད་སྟོབས་ཆེ་བ་དེ་ཡིན།

༦༩  ནད་པ། ལོ། ༥༣ ལུས་ཁམས་འདར་བ་དང་།སྟོད་རྒྱངས་པ། ཤེས་པ་འཁྲུལ་བ། སྨྲ་འཆལ་བ། མགོ་ཡུ་འཁོར་བ།ཤུ་ཡིས་འདེབས་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ སྙིང་ལ་རླུང་ཞུགས་པའི་ནད་ཡིན།

ཁ གློ་བར་རླུང་ཞུགས་པའི་ནད་ཡིན།

ག  མཆིན་པར་རླུང་ཞུགས་པའི་ནད་ཡིན།

ང མཁལ་མར་རླུང་ཞུགས་པའི་ནད་ཡིན།

ཅ  མཆེར་པར་རླུང་ཞུགས་པའི་ནད་ཡིན།

༧༠  འབྲི་མར་ཙག་བཅད་པའི་མར་ཁུའི་ནང་སྐམ་བརྔོས་བྱས་པའི་རྩམ་པ་བླུགས་ཏེ་ཕྱེ་མར་བྱས་རྗེས་དེ་ཉིད་འབྲིའི་འོ་མའི་ནང་བཙོས་ཐོག་དེར་སྒ་དང་རྒྱམ་ཚའི་ཕྱེ་མ་བཏབ་པ་དེ་ནི།

ཀ དམར་འདོན་གྱི་སྦྱོར་བ་ཡིན།

ཁ སྐྱུར་འདོན་གྱི་སྦྱོར་བ་ཡིན།

ག  དཀར་འདོན་གྱི་སྦྱོར་བ་ཡིན།

ང སྒོག་འདོན་གྱི་སྦྱོར་བ་ཡིན

ཅ  དེ་བཞི་ཀའི་སྦྱོར་བ་ཡིན།

༧༡  ནད་པ། ལོ། ༣༡ གདོང་སོགས་ཀྱི་ཤ་མདོག་སྔོ་བ་དང་། མཆིན་སྟེང་དུ་ན་ཟུག་གཏོང་བ།མགོ་བོ་ན་བ། མིག་ཚ་བ། མཆིལ་མ་གར་ཞིང་འདྲིལ་བ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ གློ་བར་མཁྲིས་པ་ཞུགས་པའི་ནད་ཡིན།

ཁ མཁལ་མར་མཁྲིས་པ་ཞུགས་པའི་ནད་ཡིན།

ག  མཆིན་པར་མཁྲིས་པ་ཞུགས་པའི་ནད་ཡིན།

ང མཆེར་པར་མཁྲིས་པ་ཞུགས་པའི་ནད་ཡིན།

ཅ  ཕོ་བར་མཁྲིས་པ་ཞུགས་པའི་ནད་ཡིན།

༧༢   ནད་པ། ལོ། ༣༠ ལྷེན་སྣའི་འོག་ཏུ་འདྲིལ་སྙམ་བྱེད་པ་དང་།སྟོང་ངེར་ན་བ། མནན་ན་འདྲིལ་བ་མེད་པ། ཟས་ཀྱི་དང་ག་མི་བདེ་བ། ཁ་ཟས་འཇུ་དཀའ་བ།ཟོས་དུས་ན་ཞིང་། ལྟོགས་ན་བདེ་བར་མངོན་པ་བཅས་ཀྱི་ནད་རྟགས་ལ་གཞིགས་ན་དེ་ནི།

ཀ བད་ཀན་ལྕགས་དྲེག་གི་ནད་ཡིན།

ཁ བད་ཀན་ལྷེན་གྱི་ནད་ཡིན།

ག  བད་ཀན་མེ་མཉམ་གྱི་ནད་ཡིན།

ང བད་ཀན་མགུལ་འགགས་ཀྱི་ནད་ཡིན

ཅ  བད་ཀན་འཇུ་སྐེམ་གྱི་ནད་ཡིན།

༧༣  ནད་པ། བུད་མེད། ལོ། ༣༤ རྒྱུ་ཞབས་ན་བ་དང་ཟླ་མཚན་འབྱམས་པ།བུ་སྣོད་ཆེར་རྒྱས་པ། གྲང་བ་འཛག་ཆེ་བ། ཟླ་མཚན་བབ་སྐབས་རྒྱུ་སྨད་ལ་ན་ཟུག་གཏོང་བ།མངལ་མི་ཆགས་པ། འཕར་རྩའི་རྒྱུ་བ་ཞན་ཅིང་ཆག་རྩ་ཞར་བ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ མཁལ་གྲང་གི་ནད་ཡིན།

ཁ མངལ་སྐྲན་གྱི་ནད་ཡིན།

ག  མོ་མཚན་གྱི་ནད་ཡིན།

ང རེག་དུག་གི་ནད་ཡིན།

ཅ  མངལ་འབྲས་ཀྱི་ནད་ཡིན།

༧༤   ནད་པ། ལོ། ༣༠ དང་ག་འགགས་པ་དང་།སྒྲེག་པ་མང་དུ་འབྱུང་བ། ཤ་སྐམ་དུ་འགྲོ་བ། སྒྱིད་ལུགས་པ།སྙིང་ག་དང་རྩིབ་ལོགས་ན་བ་སོགས་ཀྱི་ནད་རྟགས་ལ་གཞིགས་ན་དེ་ནི།

ཀ མ་ཞུ་ཤིང་འདྲའི་ནད་ཡིན།

ཁ མ་ཞུ་བསུད་ནད་ཀྱི་ནད་ཡིན།

ག  སྙིགས་མ་མ་ཞུའི་ནད་ཡིན།

ང དྭངས་མ་མ་ཞུའི་ནད་ཡིན།

ཅ  མ་ཞུ་བེ་སྣབས་ཀྱི་ནད་ཡིན

༧༥  ནད་པ། ལོ། ༢༩ རྩིབ་ལོགས་གཡོན་གཤམ་གྱི་རྒྱུད་དུ་ལྡང་དུབ་ཅན་གྱི་ན་ཟུག་གཏོང་བ་དང་།མནོན་ཟུག་ཡོད་པ། ན་ཟུག་དེ་རྐེད་པ་དང་རྒྱུ་སྨད་རྒྱུད་དུ་མཆེད་འགྲོ་བ་ལྟར་བྱེད་པ།ཟས་ཟོས་རྗེས་སྡུག་ཏུ་འགྲོ་བ། ཁོག་པ་སྦོས་བརྒྱངས་བྱེད་པ། འོག་རླུང་མང་བ།ལྟོ་བའི་རྒྱུད་ཀྱི་ཤ་གྲིམ་མཁྲེགས་པོ་ཆགས་པ། སྐབས་འགར་ཞེ་མེར་ལངས་ནས་སྐྱུགས་པ་སྐྱུག་པ།མིག་སྤྲིན་སེར་པོ་ཆགས་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀམཆེར་པར་ཚ་བ་ཞུགས་པའི་ནད་ཡིན།

ཁ སྨུག་པོ་གླངས་ཐབས་ཀྱི་ནད་ཡིན།

ག  གཤེར་མར་གཉན་ཚད་ཞུགས་པའི་ནད་ཡིན།

ང མཆིན་ནད་ལྡེམ་བུའི་ནད་ཡིན།

ཅ  མཁྲིས་པར་གཉན་ཁ་རྒྱས་པའི་ནད་ཡིན།

༧༦  ནད་པ། ལོ། ༤༢མཁལ་རྐེད་ཀྱི་རྒྱུད་དུ་ན་ཟུག་གཏོང་བ་དང་།རྐེད་ཚིགས་བཅུ་བཞིའི་གཡས་གཡོན་དུ་བརྡུང་ཟུག་ཡོད་པ། ཁྲག་ཤེད་འཕར་བ།གདོང་དང་མིག་ལྕིབས་སྐྲངས་པ། ཆང་རག་འཐུངས་པ་དང་ལུས་འཁྱགས་པའི་རྗེས་སྡུག་ཏུ་འགྲོ་བ།དྲི་ཆུའི་མདོག་དམར་ཞིང་ཀུ་ཡ་བྱེ་མ་དང་འདྲ་བར་གཏིང་ན་གནས་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ མཁལ་གཅོང་གི་ནད་ཡིན།

ཁ མཁལ་འགྲམས་ཀྱི་ནད་ཡིན།

ག  མཁལ་ཚད་ཀྱི་ནད་ཡིན།

ང མཁལ་རླུང་གི་ནད་ཡིན།

ཅ  མཁལ་གྲང་གི་ནད་ཡིན།

༧༧  ནད་པ། ལོ། ༣༦ ཁོག་པ་བཤལ་ནས་ཟླ་བ༩ལྷག་ཙམ་ཕྱིན་པ་དང་།ལྟོ་ཆས་གང་ཤོས་པའི་རང་མདོག་མ་ལོག་པར་བཤལ་བ།ལྷག་པར་ཤ་ཁུ་དང་ཇ་བསྲུབས་མའི་རིགས་ཀྱིས་དེ་བས་གནོད་པ།སྐབས་རེ་རྒྱུ་སྨད་ན་ནས་སྦོ་འཁྲོག་བྱེད་པ་དང་། འགག་སྒྲེག་རྒྱག་པ།ལུས་སྟོབས་ཉམས་ཤིང་སྙིང་སྟོབས་མེད་པ། དྲི་ཆུའི་མདོག་དཀར་སེར་ལ་ལྦུ་བ་སངས་སྐྱེན་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ མ་ཞུ་བའི་ནད་ཡིན

ཁ རྒྱུ་ཚད་ཀྱི་ནད་ཡིན།

ག  ཕོ་ཚད་ཀྱི་ནད་ཡིན།

ང རྒྱུ་རྒན་གྱི་ནད་ཡིན།

ཅ  གཤེར་མའི་ནད་ཡིན།

༧༨  ནད་པ། ལོ ༤༠ གྲང་ཤུམ་ལངས་པ་དང་།མགོ་དང་ཚིགས་གཞི་ཚང་མ་ན་བ། མཚན་མོ་ཚ་དྲོད་རྒྱག་པ། མེ་དང་ཉི་མར་སྙེག་པ།རྩ་མགྱོགས་ལ་གཡོ་བ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ སྟོངས་ཚད་ཀྱི་ནད་ཡིན།

ཁ རིམས་ཚད་ཀྱི་ནད་ཡིན།

ག  ཚ་བ་མ་སྨིན་པའི་ནད་ཡིན།

ང རྙོགས་ཚད་ཀྱི་ནད་ཡིན།

ཅ  གབ་ཚད་ཀྱི་ནད་ཡིན།

༧༩  མ་སྨིན་པའི་ཚ་བ་སྨིན་པར་བྱེད་པ་དང་།བྱེར་བ་སྡུད་པར་བྱེད་པ། རྒྱས་པ་གསོད་པར་བྱེད་པ་བཅས་ཀྱི་ནུས་པ་དང་ལྡན་པའི་རྒྱུན་སྤྱོད་ཐང་སྦྱོར་དེ་ནི།

ཀ སླེ་ཏྲེས་ཆིག་ཐང་ཡིན།

ཁ ཏིག་ཏ་གསུམ་ཐང་ཡིན།

ག  ཧོང་ལེན་ལྔ་ཐང་ཡིན།

ང ནོར་བུ་བདུན་ཐང་ཡིན།

ཅ  དོམ་མཁྲིས་དྲུག་ཐང་ཡིན།

༨༠  ནད་པ། ལོ། ༢༤གྲེ་བར་འབྲུམ་ཐོར་དོན་ནས་གཟེར་ཟུག་གཏོང་བ་དང་། ཚ་དྲོད་རྒྱས་པ། ཐོར་པའི་མདོག་སྐྱ་ཆོལ་ཅན་ཞོ་གཏོང་བ་དང་འདྲ་བ།དབྱིབས་རུལ་སྦལ་གྱི་རྒྱབ་འདྲ་བ།སྐད་འཛེར་བ་དང་དབུགས་རྔུབ་གཏོང་དཀའ་བ་སོགས་ཀྱི་ནད་རྟགས་དེ་རིགསལ་གཞིགས་ན་དེ་ནི།

ཀ གྲེ་ཚད་ཀྱི་ནད་ཡིན།

ཁ གག་པའི་ནད་ཡིན།

ག  ལྷོག་པའི་ནདནཡིན།

ང གློ་མིག་གི་ནད་ཡིན།

ཅ  ལྕེ་འབམ་གྱི་ནད་ཡིན།

༨༡  ནད་པ། ལོ།༣༣མགོ་དང་ངོ་གདོང་གཞོགས་གཡོན་ངོས་སུ་ངེས་གཏན་མེད་པའི་ན་ཟུག་བཏང་ནས་གློག་འཁྱུག་པ་དང་ཁབ་བཙུགས་པ་ལྟ་བུའི་གཟེར་ཟུག་བཟོད་མི་ཐུབ་པ་དང་།ད་དུང་སྐད་སྒྲ་ཆེན་པོ་བསྒྲགས་པ་དང་།འཁྲུགས་ལས་བྱས་པའི་སྐབས་སུ་དེ་བས་སྡུག་དུ་འགྲོ་བ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ རླུང་གི་མགོ་ནད་ཡིན།

ཁ ཁྲག་གི་མགོ་ནད་ཡིན།

ག  མཁྲིས་པའི་མགོ་ནད་ཡིན།

ང ཡ་སྲིན་གྱི་མགོ་ནད་ཡིན།

ཅ  ཀླད་སྲིན་གྱི་མགོ་ནད་ཡིན།

༨༢  ནད་པ། ལྟག་རྩ་གཟེར་བ་དང་། རྐང་ལག་སྦྲིད་པ།མིག་རབ་རིབ་བྱེད་པ། མགོ་བོ་ཡོངས་བརྒྱངས་ཡོང་བ་ལྟར་ན་བའམ་གཟེར་བ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ ཁྲག་ཤེད་མཐོ་བའི་ནད་ཡིན།

ཁ ཁྲག་ངན་འཕེལ་བའི་ནད་ཡིན།

ག  ཁྲག་འཁྱགས་པའི་ནད་ཡིན།

ང ཁྲག་རྩ་འགག་པའི་ནད་ཡིན།

ཅ  འབམ་སྟོད་འཚངས་ཀྱི་ནད་ཡིན།

༨༣  ནད་པ། བུད་མེད། ལོ། ༢༤བྱིས་པ་བཙས་ནས་ཉིན་ཤས་སོང་རྗེས་ནུ་མའི་ཆ་ཤས་ཤིག་མཁྲིགས་པོ་ཆགས་ཏེ་ན་ཟུག་གཏོང་བ།དེ་ནས་རིམ་བཞིན་དམར་སྐྲངས་ཆགས་པ་དང་། གཟེར་ཟུག་ཛ་དྲག་པ། ཚ་བ་རྒྱག་པ།གྲང་ཤུམ་ལངས་པ།ནུ་མའི་བ་ག་ནས་རྣག་ཆུ་འཛགས་པ་སོགས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ འོ་ཚབས་ཀྱི་ནད་ཡིན།

ཁ ནུ་ཚབས་ཀྱི་ནད་ཡིན།

ག  སྙིང་གི་རླུང་ཚབས་ཀྱི་ནད་ཡིན།

ང གློ་བའི་ཁྲག་ཚབས་ཡིན།

ཅ  སྙིང་གི་ཁྲག་ཚབས་ཡིན།

༨༤  དོན་སྣོད་དང་གློ་མཆིན་ཁྲག་མཁྲིས་འཁྲུག་རིམས་དང་ཚད་པ་གསར་རྙིང་སེལ་ཞིང་འདུ་བ་ཆ་སྙོམས་བྱེད་པའི་ཕྱེ་མའི་སྦྱོར་བ་གཙོ་བོ་དེ་ནི།

ཀ ཨ་གར་སོ་ལྔ།

ཁ བདེ་བྱེད་སྙོམས་ལྡན་ཡིན།

ག  མན་ངག་བསིལ་སྦྱོར་ཡིན།

ང ཏིག་ཏ་བརྒྱད་པ་ཡིན།

ཅ  གཙོ་བོ་བརྒྱད་པ་ཡིན།

༨༥  ནད་པ། ཕོ། ལོ། ༣༦ ལུས་ཤ་རྒྱགས་པ། རྒྱུན་དུ་ཆང་རག་མང་པོ་འཐུང་བ།བཞིན་མདོག་སྨུག་ནག་ཡོད་པ།མིག་སྤྲིན་དམར་ལ་ལག་མཐིལ་དང་སེན་མོ་ལྕེ་བཅས་ཀྱི་མདོག་དམར་སྨུག་ཆགས་པ། རོ་སྟོད་འཚངས་ཤིང་གཟེར་བ།རྩ་འབུར་ལ་གྲིམས་པ། ཆུ་རྟགས་དམར་སྨུག་བཅས་ལ་དཔྱད་བཅོས་གཙོ་བོ་ནི།

ཀ རླུང་གསང་ལ་མེ་བཙའ་གདབ་དགོས།

ཁ གཏར་ག་རྒྱག་དགོས།

ག  བྱུག་པ་རྒྱག་དགོས།

ང རླངས་ལུམས་བྱ་དགོས།

ཅ  བསྐུ་མཉེ་བྱ་དགོས།

༨༦  ནད་པ། མོ། ལོ། ༥༣ སེམས་མི་བདེ་བ།རོ་སྟོད་དང་སྙིང་ཁ་གཟེར་བ། མཚན་གཉིད་ཡེར་བ། དོན་མེད་དུ་ངུ་འདོད་པ། ཁོང་ཁྲོ་ཟ་བ།སྨན་ཡུན་རིང་ཟོས་ཡང་མ་ཕན་པ། རྩ་སྟོང་རྒྱུག་པ། ཆུ་མདོག་དཀར་སེར་ལྦུ་བ་ཆེ་བ།ལྕེ་ལ་འབྲུམ་པ་མང་བ་བཅས་ཀྱི་ནད་རྟགས་ལ་དཔྱད་བཅོས་རྒྱག་དགོས།

ཀསྙིང་གསང་རྣམས་ལ་མེ་བཙའ་རྒྱག་དགོས།

ཁ ལོང་རྩ་གཏར་དགོས།

ག  སྣུམ་བྱུག་བྱ་དགོས།

ང ཆུ་ཚན་རྒྱག་དགོས།

ཅ  རོ་སྟོད་ལ་མེ་བུམ་རྒྱག་དགོས།

༨༧  ནད་པ། ཕོ། ལོ༢༤ ཁྲག་ཤེད་མཐོ་བ་དང་།ལུས་སྟོབས་ཆེ་བ། རྒྱུན་དུ་ཤ་དམར་སོགས་འཚོ་ཆེ་བའི་ཟས་སྐོམ་ཁོ་ན་བསྟེན་དྲགས་པ།ཨ་རག་འཐུངས་ནས་ལོ་མང་སོང་བ། ད་ལྟ་རྐང་པ་དམར་སྨུག་ཆགས་པ།རྐང་ལག་གི་ཁྲག་རྩ་རྒྱས་པ། ལྕེ་མཆུ་དམར་སྨུག་ཆགས་པ། རྐང་པ་ན་ཞིང་ལྕི་བ།རྩ་འབུར་འདྲིལ། ཆུ་མདོག་དམར་སྨུག་བཅས་ལ་གཏར་དགོས་པའི་ཁྲག་རྩ་གཙོ་བོ་ནི།

ཀ རྩེ་ཆུང་གཏར་དགོས།

ཁ སྣོད་ཀ་གཏར་དགོས།

ག  རུ་ཐུང་གཏར་དགོས།

ང ལོང་རྩ་གཏར་དགོས།

ཅ  མཚོགས་གསང་དབྱེ་དགོས།

༨༨  རླུང་རྐྱང་པས་མགོ་འཁོར་ཞིང་།སྐབས་རེ་ནག་ཐོམ་དང་ཟི་ཚོམ་བྱེད་པ།རྣ་བ་འུར་ལ་ཏིང་སྒྲ་གྲགས་པ་སོགས་ཀྱི་རླུང་རྟགས་སྟོན་པ་ལ།གཤམ་གྱི་དཔྱད་བཅོས་ལས་གང་ཞིག་འཚམ་ཤོས་ཡིན་ནམ།

ཀ མཚོགས་གསང་གཏར་དགོས།

ཁ མགོ་བོའི་སྡུད་སོ་གསུམ་ལ་མེ་བཙའ་གདབ་དགོས།

ག  དཀར་ནག་མཚམས་ལ་མེ་བཙའ་རྒྱག་དགོས།

ང ཚིགས་པ་དྲུག་པར་མེ་བཙའ་རྒྱག་དགོས།

ཅ  ལྷེན་སྣར་མེ་བཙའ་རྒྱག་དགོས།

༨༩  ཐོག་མར་མཁྲིས་པའི་སློང་རྐྱེན་གྱིས་ན་བ།ནད་པ་རྟགས་སུ་གཟེར་མི་འཕོ་བ། ཁ་ཁ་བ། སྐོམ་དད་ཆེ་བ། མིག་སྤྲིན་སེར་བའམ་དམར་བ།ལུས་ལ་ཚ་དྲོད་ཆེ་ཞིང་ཉོབ་པ། ཁྱད་པར་མགོ་བོ་དང་མིག་དུས་ལྷག་པར་ན་བར་གཏར་དགོས་པའི་ཁྲག་རྩ་དེ་ནི།

ཀ དཔྲལ་རྩ་དང་རུ་ཐུང་།

ཁ སྒང་རྩ།

ག  ལོང་རྩ།

ང བྱིན་གཞུག

ཅ  སྐྱོར་གོང་།

༩༠  ཁྲག་མཁྲིས་ཕོ་བར་ལྷུང་བ་དང་།སྨུག་པོ་ཁྲག་སྐྲན་འདྲིལ་བ་དང་། མེ་མཉམ་མ་ཞུ་གསར་རྙིང་སོགས།ཕོ་ནད་ཚ་གྲང་མཐའ་དག་སེལ། ཞེས་པའི་ཕན་ཡོན་དང་ལྡན་པའི་སྨན་སྦྱོར་དེ་ནི།

ཀ རུ་རྟ་དྲུག་པ་ཡིན།

ཁ སྨུག་པོ་གཡུལ་རྒྱལ་ཡིན།

ག  གཡུ་དྲིལ་བཅུ་གསུམ་ཡིན།

ང ཟླ་ཤེལ་བདེ་མྱུག་ཡིན།

ཅ  ཟླ་ཤེལ་ཆེན་མོ་ཡིན།

༩༡  ཚ་འཛག་གྲང་འཛག་འཐབ་པ་དང་།འགྲམས་ཁྲ་སྨད་དུ་ལྷུང་བ་དང་། གཅིན་ཁ་སྙི་དང་འཆོར་བ་སོགས།མཁལ་མའི་འགྲམས་ལ་འདི་རང་ཟབ། ཞེས་པའི་ཕན་ཡོན་དང་ལྡན་པའི་སྨན་སྦྱོར་དེ་ནི།

ཀ འབའ་སམ་ལལྷ་ལུང་ཡིན།

ཁ པད་རག་མདོག་ལྡན་ཡིན།

ག  སེ་འབྲུ་ཉི་དཀྱིལ་ཡིན།

ང ས་རའི་ཁྱུང་ལྔ་ཡིན།

ཅ  ཆོས་ཉིད་དམར་པོ་ཡིན།

༩༢  ནད་པ། བུད་མེད། ལོ༢༦ཟླ་མཚན་མ་བབ་པར་ཟླ་གཅིག་ཙམ་སོང་བ། སྒྱིད་པ་སྐྱུར་ཞིང་ཚིག་པ་ཟ་བ་དང་མཆིལ་མ་མང་བ།དང་ག་མི་བདེ་བ། ཁ་ཟས་སྣ་ཚོགས་ཟ་འདོད་པ།སྟོང་སྐྱུགས་བྱེད་ཅིང་སྔར་ནད་གང་ཡོད་པ་དེ་ལྡང་བ་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་དེ་ནི།

ཀ མངལ་འཆི་བའི་ནད་ཡིན།

ཁ ཟླ་མཚན་ཡོང་བའི་རྟགས་ཡིན།

ག  མངལ་འཁྲི་བའི་ནད་ཡིན།

ང མངལ་ཤོར་བའི་རྟགས་ཡིན།

ཅ  མངལ་སྐྲན་གྱི་ནད་ཡིན།

༩༣  ནད་པའི་བྱིན་ཉྭར་མདེའུ་ཕོག་སྟེ་མང་དུ་སྐྲངས་ཤིང་མནན་ན་སྐད་ངན་ཤོར་བ་དང་།ཁྲག་མང་དོན་པ། སྣང་བར་ཚེར་མ་ཟུག་པ་ལྟར་གྱི་ན་ཟུག་ཡོད་པའི་མངོན་རྟགས་ལ་གཞིགས་ན་དེ་ནི།

ཀ རྩ་ཁ་ཤོར་བ་ཡིན།

ཁ ཟུག་རྔུ་ལུས་པ་ཡིན།

ག  ཁྲག་ངན་འཁྱིལ་བ་ཡིན

ང ཆུ་སེར་རྒྱས་པ་ཡིན།

ཅ  ཉྭ་ཤ་བསྣད་པ་ཡིན།།

༩༤  ནད་པ། ལོ།༣༣ འགག་སྒྲེག་རྒྱག་པ་དང་།ཕོ་བ་སྦོས་པ། ཕོ་བའི་ཆ་ཐམས་ཅད་ཧྲེམ་མེར་ན་བ་དང་ག་མི་བདེ་བ། ཤ་སྐམ་པ།སྡོད་སྙིང་འདོད་པ། བེ་སྣབས་དང་མཉམ་དུ་ཁ་ཟས་ཟོས་ཚད་སྐྱུགས་བཅས་ཀྱི་ནད་རྟགས་དེ་རིགས་ལ་གཞིགས་ན་ནད་དེ་ནི།

ཀ བད་ཀན་མགུལ་འགགས་ཀྱི་ནད་ཡིན།

ཁ བད་ཀན་གྲུམ་དཀར་གྱི་ནད་ཡིན།

ག  བད་ཀན་ལྕགས་དྲེག་གི་ནད་ཡིན།

ང བད་ཀན་མེ་མཉམ་གྱི་ནད་ཡིན།

ཅ  བད་ཀན་ལྷེན་གྱི་ནད་ཡིན།

༩༥  མཁྲིས་ཚད་ནད་ཀྱི་རྒྱུན་སྤྱོད་སྨན་སྦྱོར་ནི།

ཀ གར་ནག་བཅུ་པ་ཡིན།

ཁ གཡའ་ཀྱི་ཉེར་ལྔ་ཡིན།

ག  སྨུག་པོ་གཡུལ་རྒྱལ་ཡིན།

ང གཙོ་བོ་ཉེར་ལྔ་ཡིན།

ཅ  གུར་གུམ་བདུན་པ་ཡིན།

༩༦  གྲང་མཁྲིས་ནད་ཀྱི་རྒྱུན་སྤྱོད་སྨན་སྦྱོར་ནི།

ཀ གར་ནག་བཅུ་པ་ཡིན།

ཁ གཡའ་ཀྱི་ཉེར་ལྔ་ཡིན།

ག  སྨུག་པོ་གཡུལ་རྒྱལ་ཡིན།

ང གཙོ་བོ་ཉེར་ལྔ་ཡིན།

ཅ  གུར་གུམ་བདུན་པ་ཡིན།

༩༧  མཁལ་རླུང་སེལ་བའི་སྨན་ཆང་ནི།

ཀ བུར་ཆང་ཡིན།

ཁ མར་ཆང་ཡིན།

ག  གཟེ་ཆང་ཡིན།

ང རུས་ཆང་ཡིན།

ཅ  གྲོ་ཆང་ཡིན།

༩༨  རུས་རླུང་སེལ་བའི་སྨན་ཆང་ནི།

ཀ བུར་ཆང་ཡིན།

ཁ མར་ཆང་ཡིན།

ག  གཟེ་ཆང་ཡིན།

ང རུས་ཆང་ཡིན།

ཅ  གྲོ་ཆང་ཡིན

༩༩  སྨུག་པོའི་གཉེན་པོ་བདུན་སྦྱོར་སྟེང་ཚད་སྟོབས་ཆེ་བའི་རིགས་ལ་སྣོན་རྒྱུའི་ཁ་ཚར་ནི།

ཀ ཨ་རུ་བྲག་ཞུན་གཉིས་ཡིན།

ཁ ཅུ་གང་གུར་གུམ་གཉིས་ཡིན།

ག  དྭ་ལི་སྒེ་གཤེར་་གཉིས་ཡིན།

ང ཏིག་ཏ་བ་ཤ་ཀ་གཉིས་ཡིན།

ཅ  གྷི་ཝང་ཙན་དན་གཉིས་ཡིན

༡༠༠  སྨུག་པོའི་གཉེན་པོ་བདུན་སྦྱོར་སྟེང་འདུ་བ་སྤྱི་སྙིམས་ཀྱི་ཆེད་དུ་སྣོན་རྒྱུའི་ཁ་ཚར་ནི།

ཀ ཨ་རུ་བྲག་ཞུན་གཉིས་ཡིན།

ཁ ཅུ་གང་གུར་གུམ་གཉིས་ཡིན།

ག  དྭ་ལི་སྒེ་གཤེར་་གཉིས་ཡིན།

ང ཏིག་ཏ་བ་ཤ་ཀ་གཉིས་ཡིན།

ཅ  གྷི་ཝང་ཙན་དན་གཉིས་ཡིན

༡༠༡  སྨུག་པོའི་སྨན་སྦྱོར་རྩི་རྡོ་སྔོ་གསུམ་གྱི་ནང་ནས་རྡོ་སྦྱོར་གྱི་རྒྱལ་པོ་ལྟ་བུ་དེ་ནི།

ཀ མ་ནུ་འུ་སུ་སྟར་བུ་གསུམ་ཡིན།

ཁ ཅོང་ཞི་དུག་ཕྲལ་བ་དེ་ཡིན།

ག  གངས་ཐིགས་ཅ་རུ་བྲག་ཞུན་གསུམ་ཡིན།

ང བ་ཤ་ཀ་དང་རེ་སྐོན་གཉིས་ཡིན།

ཅ  སེ་འབྲུ་དང་བསེ་ཡབ་གཉིས་ཡིན།

༡༠༢  སྨུག་པོའི་སྨན་སྦྱོར་རྩི་རྡོ་སྔོ་གསུམ་གྱི་ནང་ནས་རྡོ་སྦྱོར་གྱི་བཙུན་མོ་ལྟ་བུ་དེ་ནི།

ཀ མ་ནུ་འུ་སུ་སྟར་བུ་གསུམ་ཡིན།

ཁ ཅོང་ཞི་དུག་ཕྲལ་བ་དེ་ཡིན།

ག  གངས་ཐིགས་ཅ་རུ་བྲག་ཞུན་གསུམ་ཡིན།

ང བ་ཤ་ཀ་དང་རེ་སྐོན་གཉིས་ཡིན།

ཅ  སེ་འབྲུ་དང་བསེ་ཡབ་གཉིས་ཡིན།

༡༠༣  སྨུག་པོའི་ནད་དེ་ཕོ་བར་གནས་པའི་ཚེ་ན།

ཀ ཁྲག་ནད་གཙོ་བོར་བཅོས་དགོས།

ཁ མཁྲིས་པ་གཙོ་བོར་བཅོས་དགོས།

ག  བད་ཀན་གཙོ་བོར་བཅོས་དགོས།

ང རླུང་ནད་གཙོ་བོར་བཅོད་དགོས།

ཅ ཆུ་སེར་གཙོ་བོར་བཅོས་དགོས།

༡༠༤   སྨུག་པོའི་ནད་དེ་ལོང་དུ་གནས་པའི་ཚེ་ན།

ཀ ཁྲག་ནད་གཙོ་བོར་བཅོས་དགོས།

ཁ མཁྲིས་པ་གཙོ་བོར་བཅོས་དགོས།

ག  བད་ཀན་གཙོ་བོར་བཅོས་དགོས།

ང རླུང་ནད་གཙོ་བོར་བཅོད་དགོས།

ཅ ཆུ་སེར་གཙོ་བོར་བཅོས་དགོས།

༡༠༥  ཚ་བ་བད་ཀན་དང་བསྡོངས་པའི་བཅོས་ཚུལ་གྱི་རྩ་དོན་ནི།

ཀ འབྲས་འདེད་ཚུལ་དུ་བཅོས་པ་དེ་ཡིན།

ཁ ཟགས་བཅད་ཚུལ་དུ་བཅོད་པ་དེ་ཡིན།

ག  མགོ་སྤུར་ཚུལ་དུ་བཅོས་པ་དེ་ཡིན།

ང ཤེད་དམད་ཚུལ་དུ་བཅོས་པ་དེ་ཡིན།

ཅ  སྦྱང་སྐེམ་ཚུལ་དུ་བཅོས་པ་དེ་ཡིན།

༡༠༦  ཚ་བ་ཆུ་སེར་དང་བསྡོངས་པའི་བཅོས་ཚུལ་གྱི་རྩ་དོན་ནི།

ཀ འབྲས་འདེད་ཚུལ་དུ་བཅོས་པ་དེ་ཡིན།

ཁ ཟགས་བཅད་ཚུལ་དུ་བཅོད་པ་དེ་ཡིན།

ག  མགོ་སྤུར་ཚུལ་དུ་བཅོས་པ་དེ་ཡིན།

ང ཤེད་དམད་ཚུལ་དུ་བཅོས་པ་དེ་ཡིན།

ཅ  སྦྱང་སྐེམ་ཚུལ་དུ་བཅོས་པ་དེ་ཡིན།

༡༠༧   ཚ་བ་སྟོངས་ཚད་ཀྱི་བཅོས་ཐབས་རྩ་དོན་ནི།

ཀ འབར་བའི་མེ་དཔུང་གསོད་པ་དེ་ཡིན།

ཁ སྨིན་བྱས་ལམ་དུ་གཞུག་དགོས་པ་དེ་ཡིན།

ག  རླུང་འབུད་བཅུད་ཀྱིས་གསོ་བ་དེ་ཡིན།

ང མགོ་སྤུར་བཤུས་ལ་སྨན་ནད་སྤྲོད་པ་དེ་ཡིན།

ཅ  ཆུ་སེར་དང་སར་སྐེམ་དགོས་པ་དེ་ཡིན།

༡༠༨  ཚ་བ་རྙོགས་ཚད་ཀྱི་བཅོས་ཐབས་རྩ་དོན་ནི།

ཀ འབར་བའི་མེ་དཔུང་གསོད་པ་དེ་ཡིན།

ཁ སྨིན་བྱས་ལམ་དུ་གཞུག་དགོས་པ་དེ་ཡིན།

ག  རླུང་འབུད་བཅུད་ཀྱིས་གསོ་བ་དེ་ཡིན།

ང མགོ་སྤུར་བཤུས་ལ་སྨན་ནད་སྤྲོད་པ་དེ་ཡིན།

ཅ  ཆུ་སེར་རང་སར་སྐེམ་དགོས་པ་དེ་ཡིན།

༡༠༩  མཁྲིས་པའི་མཚན་ཉིད་ཟུར་བདུན་པོའི་ནང་ནས་དྲི་མནམ་པ་དེ་འཕེལ་པའི་རྟགས་སུ།

ཀ རྣག་སོགས་སྨིན་སླ་བ་དེ་ཡིན།

ཁ འཁྲུ་བོངས་ཆེ་བ་དེ་ཡིན།

ག  དྲི་མ་ཤིན་ཏུ་དུགས་པ་དེ་ཡིན།

ང གཉེན་པོའི་ཟློག་ཁ་ཡང་བ་དེ་ཡིན།

ཅ  གཏར་ཁྲག་དང་ལུད་པ་སླ་བ་དེ་ཡིན།

༡༡༠  མཁྲིས་པའི་མཚན་ཉིད་ཟུར་བདུན་པོའི་ནང་ནས་གཤེར་པ་དེ་འཕེལ་བའི་རྟགས་སུ།

ཀ རྣག་སོགས་སྨིན་སླ་བ་དེ་ཡིན།

ཁ འཁྲུ་བོངས་ཆེ་བ་དེ་ཡིན།

ག  དྲི་མ་ཤིན་ཏུ་དུགས་པ་དེ་ཡིན།

ང གཉེན་པོའི་ཟློག་ཁ་ཡང་བ་དེ་ཡིན།

ཅ  གཏར་ཁྲག་དང་ལུད་པ་སླ་བ་དེ་ཡིན།

༡༡༡  ཚ་བ་འགྲམས་ཚད་ཀྱི་བཅོས་ཐབས་རྩ་དོན་ནི།

ཀ ལུས་ཟུངས་དང་སོར་གཞུག་པ་དེ་ཡིན།

ཁ ཆུ་སེར་དང་སར་སྐེམ་དགོས་པ་དེ་ཡིན།

ག  འབར་བའི་མེ་དཔུང་གསོད་པ་དེ་ཡིན།

ང རླུང་འབུད་བཅུད་ཀྱིས་གསོ་བ་དེ་ཡིན།

ཅ  འདུ་བ་ཆ་མཉམ་པའི་གཉེན་པོས་གསོད་དོ།

༡༡༢  ཚ་བ་དུག་ཚད་ཀྱི་བཅོས་ཐབས་རྩ་དོན་ནི།

ཀ ལུས་ཟུངས་དང་སོར་གཞུག་པ་དེ་ཡིན།

ཁ ཆུ་སེར་དང་སར་སྐེམ་དགོས་པ་དེ་ཡིན།

ག  འབར་བའི་མེ་དཔུང་གསོད་པ་དེ་ཡིན།

ང རླུང་འབུད་བཅུད་ཀྱིས་གསོ་བ་དེ་ཡིན།

ཅ  འདུ་བ་ཆ་མཉམ་པའི་གཉེན་པོས་གསོད་དོ།

༡༡༣  གག་པའི་ནད་ཀྱི་ནང་ནས་མོ་གག་གི་འབྲུམ་ཐོར་མངོན་རྟགས་ནི།

ཀ སྐར་ཆེན་ཤར་བ་འདྲ་བ་དེ་ཡིན།

ཁ རྒྱུ་ཕོར་ཁ་སྦུབ་ལྟ་བུ་དེ་ཡིན།

ག  ཞོ་ཆལ་གཏོར་བ་འདྲ་བ་དེ་ཡིན།

ང རལ་གྲི་སྣ་མའི་གཞུང་འདྲ་བ་དེ་ཡིན།

ཅ  ཁྲོ་བོའི་མིག་འདྲ་བ་དེ་ཡིན།

༡༡༤  གག་པའི་ནད་ཀྱི་ནང་ནས་བུ་གག་གི་འབྲུམ་ཐོར་མངོན་རྟགས་ནི།

ཀ སྐར་ཆེན་ཤར་བ་འདྲ་བ་དེ་ཡིན།

ཁ རྒྱུ་ཕོར་ཁ་སྦུབ་ལྟ་བུ་དེ་ཡིན།

ག  ཞོ་ཆལ་གཏོར་བ་འདྲ་བ་དེ་ཡིན།

ང རལ་གྲི་སྣ་མའི་གཞུང་འདྲ་བ་དེ་ཡིན།

ཅ  ཁྲོ་བོའི་མིག་འདྲ་བ་དེ་ཡིན།

༡༡༥  ཚ་བའི་དུས་ཀྱི་དབྱེ་བ་རྣམ་པ་གཉིས་པོ་དེ་ནི།

ཀ ཕྱི་ནང་གཉིས།

ཁ གསར་རྙིང་གཉིས་ཡིན།

ག  རྒས་བྱིས་གཉིས་ཡིན།

ང རང་རྒྱུད་གཞན་རྒྱུད་ཅན་གཉིས་ཡིན།

ཅ  སྟོབས་ཆེན་དང་སྟོབས་ཆུང་གཉིས་ཡིན།

༡༡༦  ཚ་བའི་རྒྱུད་ཀྱི་དབྱེ་བ་རྣམ་པ་གཉིས་པོ་དེ་ནི།

ཀ ཕྱི་ནང་གཉིས།

ཁ གསར་རྙིང་གཉིས་ཡིན།

ག  རྒས་བྱིས་གཉིས་ཡིན།

ང རང་རྒྱུད་གཞན་རྒྱུད་ཅན་གཉིས་ཡིན།

ཅ  སྟོབས་ཆེན་དང་སྟོབས་ཆུང་གཉིས་ཡིན།

༡༡༧  མིག་ནད་སྐམ་ཚག་གི་ནད་གྱུར་ངོ་བོ་ནི།

ཀ ཁྲག་མཁྲིས་ཡིན།

ཁ རླུང་མཁྲིས་ཡིན།

ག  བད་རླུང་ཡིན།

ང བད་མཁྲིས་ཡིན།

ཅ  ཁྲ་རླུང་ཡིན།

༡༡༨  མིག་ནད་གཤེར་ཚག་གི་ནད་གྱུར་ངོ་བོ་ནི།

ཀ ཁྲག་མཁྲིས་ཡིན།

ཁ རླུང་མཁྲིས་ཡིན།

ག  བད་རླུང་ཡིན།

ང བད་མཁྲིས་ཡིན།

ཅ  ཁྲ་རླུང་ཡིན།

༡༡༩  མིག་གི་ལིང་ཐོག་རླུང་ལས་གྱུར་པའི་རྟགས་ནི།

ཀ སྔོ་ལ་སྲབ་པ་དེ་ཡིན།

ཁ ཐིག་ལེ་སེར་བ་དེ་ཡིན།

ག  དམར་སེར་འོང་བ་དེ་ཡིན།

ང མཐུག་ཅིང་སྐྱ་བ་དེ་ཡིན།

ཅ  ཟངས་གཟེར་བཏབ་འདྲ་དེ་ཡིན།

༡༢༠  མིག་གི་ལིང་ཐོག་ཁྲག་ལས་གྱུར་པའི་རྟགས་ནི།

ཀ སྔོ་ལ་སྲབ་པ་དེ་ཡིན།

ཁ ཐིག་ལེ་སེར་བ་དེ་ཡིན།

ག  དམར་སེར་འོང་བ་དེ་ཡིན།

ང མཐུག་ཅིང་སྐྱ་བ་དེ་ཡིན།

ཅ  ཟངས་གཟེར་བཏབ་འདྲ་དེ་ཡིན།

༡༢༡  བྱིས་པའི་ནད་རགས་པ་བརྒྱད་ཀྱི་ནང་གསེས་དབྱེ་བ་གཅིག་ནི།

བྲང་ནད་དེ་ཡིན།

ཁ མིག་ནད་དེ་ཡིན།

ག  རྣ་ནད་དེ་ཡིན།

ང ཁ་ནད་དེ་ཡིན།

ཅ  མཆེར་ནད་དེ་ཡིན།

༡༢༢  བྱིས་པའི་ནད་ཕྲ་བ་བརྒྱད་ཀྱི་ནང་གསེར་དབྱེ་བ་གཅིག་ནི།

བྲང་ནད་དེ་ཡིན།

ཁ མིག་ནད་དེ་ཡིན།

ག  རྣ་ནད་དེ་ཡིན།

ང ཁ་ནད་དེ་ཡིན།

ཅ  མཆེར་ནད་དེ་ཡིན།

༡༢༣   མ་ཞུ་རིགས་ཀྱི་སྒོ་ནས་དབྱེ་ན།

ཀ གཉིས་ཡོད།

ཁ གསུམ་ཡོད།

ག  བཞི་ཡོད།

ང ལྔ་ཡོད།

ཅ  དྲུག་ཡོད།

༡༢༤  མ་ཞུ་དུས་ཀྱི་སྒོ་ནས་དབྱེ་ན།

ཀ གཉིས་ཡོད།

ཁ གསུམ་ཡོད།

ག  བཞི་ཡོད།

ང ལྔ་ཡོད།

ཅ  དྲུག་ཡོད།

༡༢༥  ཚ་བའི་ནད་ལ་གནས་ཀྱི་སྒོ་ནས་དབྱེ་ན།

ཀ ཕྱི་ནང་བར་མ་གསུམ་ཡོད།

ཁ གསར་དང་རྙིང་པ་གཉིས་ཡོད།

ག  རྒན་དར་བྱིས་པ་གསུམ་ཡོད།

ང མ་སྨིན་རྒྱས་ཚད་སོགས་དྲུག་ཡོད།

ཅ  འགྲམས་འཁྲུགས་སོགས་བཞི་ཡོད།

༡༢༦  ཚ་བའི་ནད་རྟེན་གྱི་སྒོ་ནས་དབྱེ་ན།

ཀ ཕྱི་ནང་བར་མ་གསུམ་ཡོད།

ཁ གསར་དང་རྙིང་པ་གཉིས་ཡོད།

ག  རྒན་དར་བྱིས་པ་གསུམ་ཡོད།

ང མ་སྨིན་རྒྱས་ཚད་སོགས་དྲུག་ཡོད།

ཅ  འགྲམས་འཁྲུགས་སོགས་བཞི་ཡོད།

                                               

༡༢༧  ཚ་བ་ཀུན་གྱི་སྔོན་དུ་འབྱུང་མང་བའི་ནད་དེ་ནི།

ཀ མ་སྨིན་ཚ་བ་ཡིན།

ཁ རྒྱས་ཚད་ཡིན།

ག  སྟོངས་ཚད་ཡིན།

ང གབ་ཚད་ཡིན།

ཅ  རྙིངས་ཚད་ཡིན།

༡༢༨  ཚ་བ་སྨིན་ཅིང་ཤུགས་རྫོགས་ལ་རྐྱང་པའི་ནད་དེ་ནི།

ཀ མ་སྨིན་ཚ་བ་ཡིན།

ཁ རྒྱས་ཚད་ཡིན།

ག  སྟོངས་ཚད་ཡིན།

ང གབ་ཚད་ཡིན།

ཅ  རྙིངས་ཚད་ཡིན།

༡༢༩  གཉན་རིམས་མགོ་བོར་བབས་པའི་ནད་དེ་ནི།

ཀ གཉན་གླང་ཡིན།

ཁ གཟེར་ཐུང་ཡིན།

ག  ཀླད་གཟེར་ཡིན།

ང རྒྱུ་གཟེར་ཡིན།

ཅ  གག་པ་ཡིན།

༡༣༠  གཉན་རིམས་རྒྱུ་མར་བབས་པའི་ནད་དེ་ནི།

ཀ གཉན་གླང་ཡིན།

ཁ གཟེར་ཐུང་ཡིན།

ག  ཀླད་གཟེར་ཡིན།

ང རྒྱུ་གཟེར་ཡིན།

ཅ  གག་པ་ཡིན།

༡༣༡  སྟོངས་ཚད་ཀྱི་རྒྱུ་གཙོ་བོ་དེ་ནི།

ཀ རླུང་ཡིན།

ཁ མཁྲིས་པ་ཡིན།

ག  བད་ཀན་ཡིན།

ང ཁྲག་ཡིན།

ཅ  ཆུ་སེར་ཡིན།

༡༣༢  རྙོགས་ཚད་ཀྱི་རྒྱུ་གཙོ་བོ་དེ་ནི

ཀ རླུང་ཡིན།

ཁ མཁྲིས་པ་ཡིན།

ག  བད་ཀན་ཡིན།

ང ཁྲག་ཡིན།

ཅ  ཆུ་སེར་ཡིན།

༡༣༣  དྭངས་མ་མ་ཞུ་བའི་ནད་གཞིའི་གནས་ས་དེ་ནི།

ཀ སྙིང་སྲོག་གཉིས་ཡིན།

ཁ མཆིན་མཁྲིས་གཉིས་ཡིན།

ག  མཁལ་རླུང་གཉིས་ཡིན།

ང གློ་མཆེར་གཉིས་ཡིན།

ཅ  ཕོ་ལོང་གཉིས་ཡིན།

༡༣༤  སྙིགས་མ་མ་ཞུ་བའི་ནད་གཞིའི་གནས་ས་དེ་ནི།

ཀ སྙིང་སྲོག་གཉིས་ཡིན།

ཁ མཆིན་མཁྲིས་གཉིས་ཡིན།

ག  མཁལ་རླུང་གཉིས་ཡིན།

ང གློ་མཆེར་གཉིས་ཡིན།

ཅ  ཕོ་ལོང་གཉིས་ཡིན།

༡༣༥  མདོར་བསྡུས་རླུང་ནད་རིགས་ཀྱི་དབྱེ་བ་ནི།

ཀ ལྔ་ཡོད།

ཁ དྲུག་ཡོད།

ག  བདུན་ཡོད།

ང བརྒྱད་ཡོད།

ཅ  དགུ་ཡོད།

༡༣༦  མདོར་བསྡུས་རླུང་ནད་གནས་ཀྱི་དབྱེ་བ་ནི།

ཀ ལྔ་ཡོད།

ཁ དྲུག་ཡོད།

ག  བདུན་ཡོད།

ང བརྒྱད་ཡོད།

ཅ  དགུ་ཡོད།

༡༣༧  མཁྲིས་པའི་ནད་ལ་རིགས་ཀྱི་སྒོ་ནས་དབྱེ་ན།

ཀ བཞི་ཡོད།

ཁ ལྔ་ཡོད།

ག  དྲུག་ཡོད།

ང བདུན་ཡོད།

ཅ  བརྒྱད་ཡོད།

༡༣༨  བད་ཀན་ནད་ལ་རིགས་ཀྱི་སྒོ་ནས་དབྱེ་ན།

ཀ བཞི་ཡོད།

ཁ ལྔ་ཡོད།

ག  དྲུག་ཡོད།

ང བདུན་ཡོད།

ཅ  བརྒྱད་ཡོད།

༡༣༩  མ་ཞུ་བེ་སྣབས་འབྱུང་སའི་གནས་དེ་ནི།

ཀ རྒྱུ་མ་ཡིན།

ཁ ལོང་ཡིན།

ག  ཕོ་བ་ཡིན།

ང མཆིན་པ་ཡིན།

ཅ  མཁྲིས་པ་ཡིན།

༡༤༠  མ་ཞུ་བསུད་ནད་འབྱུང་སའི་གནས་དེ་ནི།

ཀ རྒྱུ་མ་ཡིན།

ཁ ལོང་ཡིན།

ག  ཕོ་བ་ཡིན།

ང མཆིན་པ་ཡིན།

ཅ  མཁྲིས་པ་ཡིན།

༡༤༡  དོན་ལྔའི་ནང་གི་རྒྱལ་པོ་ལྟ་བུ་ནི།

ཀ སྙིང་ཡིན།

ཁ གློ་བ་ཡིན།

ག  མཆིན་པ་ཡིན།

ང མཁལ་མ་ཡིན།

ཅ  མཆེར་བ་ཡིན།

༡༤༢  དོན་ལྔའི་ནང་གི་བློན་པོ་ལྟ་བུ་ནི།

ཀ སྙིང་ཡིན།

ཁ གློ་བ་ཡིན།

ག  མཆིན་པ་ཡིན།

ང མཁལ་མ་ཡིན།

ཅ  མཆེར་བ་ཡིན།

༡༤༣  འགྲམས་ཚད་སློང་བའི་ཁྱད་པར་གྱི་རྐྱེན་དེ་ནི།

ཀ མཚོན་རྐྱེན་ཡིན།

ཁ གདོན་རྐྱེན་ཡིན།

ག  དུས་རྐྱེན་ཡིན།

ང སྤྱོད་ལམ་ཡིན།

ཅ  ཁ་ཟས་ཡིན།

༡༤༤  དུག་ཚད་སློང་བའི་ཁྱད་པར་གྱི་རྐྱེན་དེ་ནི།

ཀ མཚོན་རྐྱེན་ཡིན།

ཁ གདོན་རྐྱེན་ཡིན།

ག  དུས་རྐྱེན་ཡིན།

ང སྤྱོད་ལམ་ཡིན།

ཅ  ཁ་ཟས་ཡིན།

关闭