>
您所在的位置:首页 > 模拟试题 > 硕士研究生模拟试题 > 正文

2009年西藏藏医学院硕士研究生入学考试--梵文语法学全国统一试题

策划:善智 编辑:吉太加 日期:2015-06-08 15:11:39 人气:268 加入收藏 评论:0 

༢༠༠༩ ལོའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་རབ་འབྱམས་ཞིབ་འཇུག་སློབ་མ་བསྡུ་བའི་ལེགས་སྦྱར་བརྡ་སྤྲོད་རིག་པའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ཤོག

དང་པོ། འགྲིག་མིན་བརྡར་ཤ་གཅོད་རྒྱུ།

གཤམ་གསལ་དྲི་ལན་རྣམས་ལ་དབྱེ་ཞིབ་བྱས་ཏེ་འགྲིག་པར་གུག་རྟགས་ནང་རྟགས་”འདི་དང་། ནོར་བར་རྟགས་“×”འདི་འགོད་དགོས།

༡ སྒྲ་རིག་པ་ཞེས་པ་ནི་རྒྱ་གར་ཁོ་ནར་ཡོད་པའི་རིག་པའི་གནས་ཤིག་ཡིན།(  

༢ སྒྲ་མདོ་ཆེན་མོ་ཙཱནྡྲ་པ་ནི་རྒྱལ་པོའི་ལུགས་སུ་བཀྲལ་བའི་གཞུང་ཞིག་ཡིན།(  

༣ བྱཱ་ཀ་ར་ན་ཞེས་པ་ནི་བརྡ་སྤྲོད་པའམ་ལུང་སྟོན་པའི་དོན་ཡིན།(  

༤ བྱིངས་ལས་ཚིག་ཏུ་སྒྲུབ་པར་བྱེད་པ་ལ་ཀུན་བཤད་ཀྱི་རྐྱེན་བཤད་པ་ཡིན།(  

༥ སྤྱིར་ཨཱ་ག་མའི་རྐྱེན་ཡིན་ན་བར་རྐྱེན་ཁོ་ན་ཡིན་པས་ཁྱབ།(  

༦ རྐྱེན་གྱི་ནུས་པས་ཨི་ཡིག་ཨེ་ཡིག་ཏུ་འགྱུར་བ་ནི་ནཱ་མིན྄་གྱི་ཡོན་ཏན་ལས་འགྱུར་པ་ཡིན།(  

༧ དབྱངས་གང་རུང་ཞིག་ཕ་རོལ་དུ་བྱུང་ན་རྗེས་སུ་ང་རོ་དེ་མ་ཡིག་ཏུ་འགྱུར་དགོས།(  

༨ ཚེག་དྲག་ཅེས་པ་ནི་རྗེས་སུ་ང་རོ་དང་དོན་གཅིག་ཡིན།(  

༩ དབྱངས་ཅན་སྒྲ་མདོའི་མཛད་པ་པོ་ནི་སློབ་དཔོན་ཨ་ནུ་བྷཱུ་ཏི་སྭ་རུ་པ་ཡིན།(  

༡༠ གཉིས་པོ་རྣམས་དབྱངས་སོ། ཞེས་པའི་གཉིས་ནི་མཚུངས་པའི་ཡི་གེ་དང་འདྲ་བའི་ཡི་གེ་གཉིས་ལ་གོ་དགོས།(  

གཉིས་པ། དྲི་ལན་གདམ་འཇུག་བྱེད་རྒྱུ།

གཤམ་གསལ་དྲིས་ལན་ཁག་ལས་ཡང་དག་པའི་ལན་གཅིག་བདམས་ཏེ་དེའི་མཚོན་བྱེད་ཀ ཁ ག ང གང་ཡིན་སོ་སོའི་གུག་རྟགས་ནང་འགོད་དགོས།

༡ གཤམ་གསལ་ཡི་གེ་རྣམས་ལས་མཚུངས་པ་དང་འདྲ་བའི་ཡི་གེ་གཉིས་ཀ་ཡིན་པ་ནི་(  

ཨ་དང་ཨི།  

ཨུ་དང་ཨཱུ།

ཨེ་དང་ཨི།

 ཨཱི་དང་རྀ།

༢ གཤམ་གསལ་གྱི་ཡི་གེ་རྣམས་ལས་མཚུངས་པ་ཡིན་ལ་འདྲ་བ་མ་ཡིན་པ་ནི་(  ཡིན།

ལྀ་དང་རྀ།

ཨ་དང་ཨཱ།

ཨེེ་དང་ཨེ།

ཨི་དང་ཨཱི།

༣ གཤམ་གསལ་གྱི་ཡི་གེ་རྣམས་ལས་འདྲ་མཚུངས་གཉིས་ཀ་མ་ཡིན་པ་ནི་(  

ཨཱུ་དང་ཨཱི།

ཨཱུ་དང་རྀ།

ཨེེ་དང་ཨོོ།

ཨཱ་དང་རྀ།

༤ བྱིངས་ལས་མིང་དུ་སྒྲུབ་པར་བྱེད་པ་ལ་(  སྦྱོར་དགོས།

སི་སོགས་ཀྱི་རྣམ་དབྱེའི་རྐྱེན་རྣམས།

ཀུན་བཤད་ཀྱི་རྐྱེན།

ཀྲྀཏ྄འི་རྐྱེན།

 གོང་གསལ་དེ་དག་ཚང་མ།

༥ གཤམ་གསལ་རྐྱེན་རྣམས་ལས་ཀུན་བཤད་ཀྱི་རྐྱེན་ཡིན་པ་ནི་(  ཡིན།

ཏིཔ྄།

ཏྲི།

ས྄།

ཨོོ།

༦ གཤམ་གསལ་རྐྱེན་རྣམས་དབྱེ་བཞི་པ་དང་ལྔ་པ་གཉིས་ཀའི་མང་ཚིག་གི་རྐྱེན་ཡིན་པ་ནི་(  ཡིན།

མ྄།

མ྄།

ས྄།

༧ གཤམ་གསལ་རྐྱེན་རྣམས་ལས་ཆེད་དུ་བྱ་བ་བརྗོད་པར་འདོད་པ་ལ་སྦྱོར་བའི་རྐྱེན་ནི་(  གསུམ་ཡིན།

ཊཱ་བྷྱཱམ྄་བྷིས྄།

ང་སི་བྷྱཱམ྄་བྷྱས྄།

ངས྄་བྷྱཱམ྄་བྷྱས྄།

ངས་ཨོས྄་ཨཱམ྄།

༨ གཤམ་གྱི་མཚམས་སྦྱོར་སྐབས་དབྱངས་གང་རུང་ཞིག་ཕ་རོལ་ལ་བྱུང་ན་ཚུ་རོལ་གྱི་མཐའ་ཡི་ཨེེ་ཡིག་ནི་(  འགྱུར་བ་ཡིན།

རུ།

རུ།

གསུམ་པ། དྲི་བར་ལན་འདེབས་རྒྱུ།

༡ གང་ཞིག་ལ་མཚམས་སྦྱོར་གྱི་ཡི་གེ་ཟེར་རམ། དེ་དག་མཚམས་སྦྱོར་གྱི་ཡི་གེ་ཟེར་དགོས་ཅི་ཡིན་ནམ། སྐར༥

དབྱངས་ཀྱི་ཡི་གེ་ལས་ཨེ་ཨེེ་ཨོ་ཨོོ་བཞི་ལ་མཚམས་སྦྱོར་གྱི་ཡི་གེ་ཞེས་ཟེར་བ་ཡིན། ཡི་གེ་བཞི་པོ་དེ་དག་ནི་དབྱངས་གཉིས་སམ་གསུམ་ཕྲད་ཅིང་མཚམས་སྦྱོར་བ་ལས་བྱུང་བས་ན་དེ་སྐད་ཅེས་བརྗོད་པའོ།།

༢ ཐོག་མ་དང་མཐའ་མ་དག་གིའོ།། ཞེས་པའི་མདོ་དོན་གང་ཡིན་ནམ། སྐར༤

་ནས་ས་བར་དུ་གསལ་བྱེད་རྣམས་གོ་རིམ་ངེས་པར་བྱས་ནས། དེ་དག་སྡེ་ཚན་ཅི་རིགས་པ་སོ་སོར་བཅད་ཅིང་བསྡེབས་པས་རང་རང་གི་བྱ་བ་བྱེད་རྒྱུ་མི་འདྲ་བ་རེ་ཡོད་པས་ཡི་གེའི་སྡེ་ཚན་སོ་སོར་བཅད་པའི་ཡི་གེ་དེ་རྣམས་ཀྱི་ཐོག་མ་རེ་དང་མཐའ་མ་རེ་ལྷན་ཅིག་ཏུ་སྨོས་པ་ནི་དེ་དག་གི་བར་གྱི་ཡི་གེ་རྣམས་ངོས་བཟུང་བར་བྱ་བའི་ཆེད་དུ་ཡིན་ཞེས་པའི་དོན་ནོ།།

༣ རྣམ་དབྱེ་གཉིས་པའི་མང་ཚིག་ཤས྄་ལ་ཨིཏ྄་འམ་རྗེས་འབྲེལ་གྱི་ཡི་གེ་ཡོད་དམ་མེད། ཡོད་ན་དེ་གང་ཡིན་ནམ།

༤ སྒྲ་ལྡན་གྱི་ཡི་གེ་ག་ཚད་ཡོད་དམ། དེ་དག་གང་དང་གང་ཡིན་ནམ།

༥ ཨཱ་ཨཱར྄་ཨེེ་ཨོོ་འཕེལ་བའོ།། ཞེས་པའི་མདོ་དོན་གང་ཡིན་ནམ།

༦ མཚམས་སྦྱོར་ལྔ་ཞེས་པ་གང་དང་གང་ཡིན་ནམ། དེ་དག་ལ་མཚམས་སྦྱོར་ལྔ་ཞེས་བརྗོད་དགོས་དོན་གང་ཡིན་ནམ།

༧ སྟོན་པའི་སྐབས་ཊི་ཞེས་པ་དང་ཨུ་པ་དྷཱ་ཞེས་པ་གཉིས་ཀྱི་ངོས་འཛིན་བྱེད་ལུགས་ཅི་ལྟར་ཡིན་པ་དཔེར་བརྗོད་ཀྱི་ཐོག་ནས་གསལ་བཤད་བྱེད་དགོས།

སྒྲ་སྒྲུབ་བྱེད་རྒྱུ།

གཤམ་གསལ་གྱི་ཡི་གེ་སྔ་ཕྱི་རྣམས་མཚམས་སྦྱར་ནས་གྲུབ་གཟུགས་འགོད་དགོས། སྐར༢༠

མདྷུ             ཨཏྲཿ            ལྟ་བུའོ།།

པིཏྲྀ             ཨཪྠ             པི་ཏྲཪྠ།

ནེ               ཨནཾ            ནཡནཾ།

བྷོ               ཨ་ཏི            བྷབཏི།

དད྄དྷ྄ཡ྄          ཨཱནཡ          དདྷནཡ྄།

ཏོོ               ཨིཧ             ཏཱབིཧ།

ཏེ               ཨཏྲ             ཏེཉ྄ཏ྄།

དདྷི             ཨིཧ             དདྷཱིཧ།

ཥཊ྄             ཨཏྲཿ            ཀོགཏཿ

༢ གཤམ་གསལ་སྐྱེས་པའི་རྟགས་དབྱངས་མཐའ་ཅན་དེ་དག་རྣམ་དབྱེ་སྦྱར་ནས་ཚིག་ཏུ་སྒྲུབ་དགོས།

དཔེར་ན། ནཱ་ཐ། ཞེས་པར་རྣམ་དབྱེ་དང་པོའི་རྐྱེན་གསུམ་སྦྱར་ནས་ཚིག་ཏུ་སྒྲུབ་པ་གཤམ་གསལ།

གཅིག་ཚིག   ནཱཐ       སིནཱཐཿ         མགོན་པོ།

གཉིས་ཚིག    ནཱཐ      ཨོོནཱཐོོ      མགོན་པོ་དག

མང་ཚིག      ནཱཐ           ཛས྄        ནཱཐཱཿ      མགོན་པོ་རྣམས།   ཞེས་གྲུབ་པ་ལྟ་བུ།

༼༡༽ནཱཐ།   ཞེས་པར་རྣམ་དབྱེ་གསུམ་པའི་རྐྱེན་གསུམ་སྦྱར་ནས་ཚིག་ཏུ་སྒྲུབ་དགོས།

གཅིག་ཚིག   ནཱཐ       ཊཱ        ནཱཐེན      མགོན་པོས།

གཉིས་ཚིག    ནཱཐ       བྷྱཱམ྄    ནཱཐབྷྱཱམ྄   མགོན་པོ་དག་གིས།

མང་ཚིག       ནཱཐ     བྷིས྄     ནཱཐེེཿ     མགོན་པོ་རྣམས་ཀྱིས།

༼༢༽ཤུཀ།   ཞེས་པར་རྣམ་དབྱེ་གཉིས་པའི་རྐྱེན་གསུམ་སྦྱར་ནས་ཚིག་ཏུ་སྒྲུབ་དགོས།

གཅིག་ཚིག    ཤུཀ    ཨམ྄      ཤུཀཾ      ནེ་ཙོ་ལ།

གཉིས་ཚིག     ཤུཀ    ཨོོ     ཤུཀོོ        ནེ་ཙོ་དག་ལ།

མང་ཚིག       ཤུཀ    ཤས྄   ཤུཀཱན྄     ནེ་ཙོ་རྣམས་ལ།

关闭