>
您所在的位置:首页 > 模拟试题 > 硕士研究生模拟试题 > 正文

2007年西藏藏医学院藏医药专业硕士研究生入学考试复试真题

策划:善智 编辑:吉太加 日期:2015-06-08 15:18:46 人气:214 加入收藏 评论:0 

༢༠༠༧ ལོའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་བསྡུ་བའི་བསྐྱར་རྒྱུགས་རྒྱུགས་ཤོག  

དང་པོ།  དྲིས་ལན་གདམ་འཇུག་བྱེད་རྒྱུ།

གཤམ་གསལ་དྲི་ལན་ཁག་ལས་ཡང་དག་པའི་ལན་གཅིག་གདམ་ཏེ་དེ་མཚོན་བྱེད་ཀྱི་ ( ཀ ཁ ) གངཡིན་གུག་རྟགས་ནང་འགོད་རྒྱུ།

མིག་གི་ལིང་ཐོག་ལ་ཆེས་ཕན་པའི་ཚྭ་བསྲེག་གི་ཐལ་བ་ནི་ཡིན།  

རྒྱ་ཚྭ། རྒྱམ་ཚྭ། ལན་ཚྭ། ཁ་རུ་ཚྭ།

ཨ་རུ་ར་དང་བ་རུ་གཉིས་སྨན་དུ་གཏོང་སྐབས་རུས་པ་གཏན་ནས་གཏོང་མི་རུང་བའི་ནད་ནི་   ཡིན།  

ཁྲག་ནད། དམུ་ཆུ། དུག་ནད། བྱིས་པའི་ནད།

སྨུག་པོ་གྲང་རྐྱེན་གྱི་རྗེས་གཅོད་ལ་ཟབ་པའི་གཉེན་པོའི་སྨན་ནི་ ཡིན།  

རིལ་ནག་ཆེན་མོ། བཙོ་བཀྲུ་ཟླ་ཤེལ། མང་སྦྱོར། དབང་རིལ་ཉེར་ལྔ།  

སྔོ་སྦྱོར་གྱི་དུག་ལ་གཅེས་པར་གདམས་པའི་གཉེན་པོ་ནི་  

འོམ་བུ། ལུག་མིག ལྡུམ་བུ་རེ་རལ། ལྕུམ་རྩ།

རྒྱུད་ཀྱི་རྩ་བར་ཁོང་ནད་གཅོང་ལ་རྣམ་པ་གཉིས་ཡིན་ཏེ། ཞེས་པའི་རྣམ་པ་གཉིས་པོ་ནི་   ཡིན།  

གཅོང་ནད་གསར་རྙིངས་གཉིས། རྒྱུ་མ་ཞུ་བ་དང་། འབྲས་བུ་གཅོང་ནད་གཉིས།

དྭངས་མ་མ་ཞུ་བ་དང་སྙིགས་མ་མ་ཞུ་བ། མ་ཞུ་སྟོབས་ཆུང་དང་སྟོབས་ཆེན།  

སྐྱ་རྦབ་ཀྱི་ནད་ལ་གཤམ་གསལ་ནད་གཞི་དག་ལས་གཙོ་བོར་བཟུང་དགོས་པ་ནི་  ཡིན།

རླུང་། མཁྲིས་པ། བད་ཀན། ཁྲག

གཤམ་གསལ་ཚ་བའི་ནད་ལས་གཏར་སྔས་དྲགས་ན་ཟུངས་ཁྲག་ཤོར་ཞིང་རླུང་ནད་སྐྱེ་བའི་ཚ་བའི་ནད་ནི་  ཡིན།

མ་སྨིན་ཚ་བ། རིམས་ཀྱི་ཚ་བ། འཁྲུགས་ཚད། གཉན་ཚད།

མོ་ནད་ཁྲག་ཚབས་ཀྱིས་མཁལ་རྐེད་ཆེར་ན་བ་ལ་བསྔགས་པའི་གཉེན་པོའི་སྨན་ནི་  

སྨྱུག་རྩི་༢༥ འོལ་སེ་༢༥ གུར་གུམ་༡༣ གཉེན་པོ་༡༨

རྒྱས་ཚད་ཀྱི་ནད་ལ་གཉེན་པོ་ཆུ་བཞི་ཡིས་ནང་ནས་མཆོག་ཏུ་གྱུར་པ་ནི་   ཡིན།

སྤྱོད་ལམ་གྱི་ཆུ། ཟས་ཀྱི་ཆུ། སྨན་གྱི་ཆུ། དཔྱད་ཀྱི་ཆུ།

༡༠ ཉེས་པ་དངོས་སུ་སྟོན་པའི་བརྟག་པ་ལ་ངེས་དགོས་པའི་རྩ་དོན་གསུམ་ནི་ (   ) ཡིན།

སློང་བ་རྒྱུ་དང་། མཚན་ཉིད་རྟགས། ཕན་གནོད་བསྟེན་པ་བཅས་གསུམ།

བལྟ། རེག དྲི་བ་གསུམ།

ཉེས་པ་དངོས་སྟོན། ངན་གཡོ་སྐྱོན་བརྟག སྤང་བླང་མུ་བཞི་གསུམ།

རྒྱུ། གནས། མཚན་ཉིད་གསུམ།

༡༡ རྩ་ལ་བརྟག་སྟེ་ནད་ཚུལ་བཞིན་རྟོགས་པར་བྱེད་པའི་གནད་འགག་གཙོ་བོ་ (   ) དེ་ཡིན།

ནམ་དུས་སོ་སོར་རྩའི་འཕར་ཚུལ་འགྱུར་བ་འགྲོ་ཚུལ་ཤེས་དགོས་པ།

རྟེན་གྱི་རྩ་རྒྱུད་གང་ཡིན་ཤེས་དགོས་པ།

ཚ་གྲང་གི་རྩའི་འཕར་ཚུལ་ཤེས་དགོས་པ།

ནད་མེད་ཐ་མལ་གྱི་རྩའི་འཕར་ཚུལ་ཤེས་དགོས་པ།

༡༢ གཏར་ཁའི་སྐབས་ཁྲག་དབྱུང་ཚད་ཚོད་འཛིན་བྱེད་ཐབས་ཀྱི་གནད་གཙོ་བོ་ནི་ (   ) དེ་ཡིན།

ཁྲག་བཟང་ངན་ལ་བརྟག་པ་བྱེད་རྒྱུ། ཟུངས་བཟང་ངན་ལ་བརྟག་པ་བྱེད་རྒྱུ།

རང་བཞིན་ལ་བརྟག་པ་བྱེད་རྒྱུ། ནད་སྟོབས་ཀྱི་ཁྱད་ཆོས་ལ་བརྟག་པ་བྱེད་རྒྱུ།

༡༣ ཕྱི་སྐྲན་ལ་ནད་ལ་མེ་བཙའ་འཇོག་པའི་བྱ་ཐབས་ནི་   ཡིན།  

སྐྲན་གྱི་སྟེང་ལ་འཇོག་དགོས་པ།

 སྐྲན་གྱི་མཐའ་ལ་རྒྱབ་དགོས་པ།

སྐྲན་གྱི་མཐའ་ནས་རིམ་བཞིན་ཇེ་ཉེར་གཏོང་དགོས་པ།

སྐྲན་གྱི་སྟེང་ནས་མཐའ་རུ་ཇེ་འགྱངས་གཏོང་དགོས་པ།

༡༤ མཆེར་ནད་ཚ་གྲང་གང་ཡིན་ཀྱང་དམིགས་བསལ་མངོན་པའི་རྟགས་ནི་   ཡིན།  

སྦོ་རྒྱངས་བྱེད་པ་དེ། རྩིབ་ཐུང་གཟེར་བ་དེ།   ལུས་སྐྲངས་ཡོང་བ་དེ། ཤ་མདོག་སྔོ་སེར་འགྱུར་འགྲོ་བ་དེ།

༡༥ སྤྱིར་ཚ་བའི་ནད་ཀྱི་རྒྱུ་རྩད་ནས་གཅོད་པའི་ཐབས་ནི་   ཡིན།

  བཤལ་གཏོང་རྒྱུ་དེ། གྲང་ཐུར་རྒྱབ་རྒྱུ་དེ། རྔུལ་དབྱུང་རྒྱུ། བསིལ་དུགས་བྱེད་རྒྱུ་དེ།

གཉིས་པ། དྲིས་ལན་གདབ་རྒྱུ།

དང་པོ། དྲི་ལན་མདོར་བསྡུས་གདབ་རྒྱུ།

སྨུག་པོ་རྡོལ་ནས་ཁྲག་ལམ་ཆོད་པ་དང་མ་ཆོད་པའི་གོ་དོན་ཇི་ལྟར་ཡིན་ནམ།

ཚ་སྐྲན་དང་གྲང་སྐྲན་གཉིས་དུས་སུ་བཅོས་མ་ཐུབ་ན་བླ་གཉན་གྱི་ནད་གང་དང་གང་དུ་འགྱུར་རམ།

  དྭངས་མ་མ་ཞུ་བའི་གྱུར་དུག་ཞེས་པ་དེ་ཇི་ལྟར་ཡིན་ནམ།

རླུང་གི་རི་ཐང་མཚམས་ཡིན་མིན་གྱི་ཐེ་ཚོམ་དུ་གྱུར་ན་གསང་བ་ཕུགས་འཚོལ་སྨན་གྱིས་བརྟག་པ་ལས་རྟགས་གང་དང་གང་ཚང་ན་རླུང་གི་རི་ཐང་མཚམས་ཡིན་པར་ངེས་སམ

ནད་གཞིའི་ངོ་བོ་གྲང་བ་ཡིན་ཡང་ཕྱི་རྟགས་ཚ་བར་འཁྲུལ་བའི་ནད་གཞི་གང་དང་གང་ཡོད་དམ།

རེག་པ་རྩ་ལ་བརྟག་པའི་སྐབས་མང་འཕར་ཚ་བ་ཉུང་འཕར་གྲང་བ་ཡིན་ཞེས་པ་དེ་མཐའ་གཅིག་ཏུ་ངེས་སམ།  ཚུལ་ཇི་ལྟར།

གཉིས་པ། དྲི་ལན་རྒྱས་བཤད་རྒྱབ་རྒྱུ།

ཟུངས་ངན་རླུང་ནད་ཅན་ལ་སྣུམ་འཆོས་བསྟེན་ཐབས་ཇི་ལྟར་ཡིན་ནམ།

རིམས་ནད་མཁྲིས་པར་བབས་པའི་རྩར་རྒྱུག་དང་། རང་བཞིན་ཟས་སྤྱོད་རྐྱེན་གྱིས་མཁྲིས་པ་འཕེལ་བའི་རྩར་རྒྱུག་གཉིས་ལ་་་ཁྱད་པར་གང་ཡོད་དམ།

རྩ་དཀར་གྱི་ལེའུར། གང་ཞིག་རྩ་དཀར་ནད་ཚུལ་མི་ཤེས་པར།  གཟའ་ཕོག་ཟེར་བའི་སྨན་པ་བླུན་པོ་སྟེ། ཐབས་འདི་རྨ་རྣམས་ཀུན་གྱི་ལོག་གནོན་དང་། རིམས་དུག་བླ་གཉན་ནད་ཀྱི་མདེ་ཁ་ཡིན། ཞེས་གསུངས་དགོས་དོན་གང་ཡིན་ནམ

དམུ་ཆུའི་ནད་བཅོས་ཐབས་སྐབས་ཚ་ཆུ་གྲང་ཆུར་བསྒྱུར་བ་ལ་གཉེན་པོ་གཙོ་བོ་གང་དང་གང་བསྟེན་དགོས་པ་དང་། གྲང་ཆུར་གྱུར་ཟིན་པའི་རྟགས་དང་དེ་ལྟར་བསྒྱུར་ནུས་པའི་རྒྱུ་མཚན་གང་ཡིན་གསལ་འགྲེལ་བྱ་རྒྱུ།

རྩ་བརྟག་པའི་སྐབས་ཁྱད་ཆོས་དྲུག་ལྡན་གྱི་དུས་སུ་བརྟག་དགོས་པས་དེ་ལྟར་བརྟག་པ་ལ་དགོས་པ་ཁྱད་པར་ཅན་གང་དང་གང་ཡོད་དམ

གསུམ་པ། ལག་ལེན་བཀོལ་སྤྱོད་སྐོར་གྱི་དྲི་གཞི།

 ཀོ་བྱི་ལ་སྨན་དུ་སྦྱོར་སྐབས་ལག་ལེན་གྱི་ཆོ་ག་མི་འདྲ་བ་གང་ཡོད་པ་རྣམས་གསལ་བཤད་བྱེད་རྒྱུ།

འབམ་ནད་ལ་སྨན་དཀར་རམ་ལབ་བཅོས་བྱ་བའི་ལག་ལེན་དང་བསྟེན་ཐབས་རྣམས་འགོད་རྒྱུ། ནད་ཐོག་དངོས་ནང་རྨ་མེད་རུས་ཆག་ལ་གཉེན་པོའི་སྨན་གང་དང་གང་བསྟེན་དགོས་པ་ཡིན་ནམ། གཉེན་པོ་དེ་ལྟར་བསྟེན་པ་ལ་རྒྱུ་མཚན་གང་དང་གང་ཡོད་པ་ཡིན་ནམ

གློ་གཅོང་ཆེན་མོ་སོགས་གཅོང་ཆེན་ཟད་བྱེད་ནད་ལ་སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་གསོ་ཚུལ་གྱི་རྩ་དོན་གང་དང་གང་འཛིན་དགོས་པ་ཡིན་ནམ

རྟ་ཟི་དམར་པོ་ཞེས་པའི་སྨན་དེ་མཁས་པ་སུས་མཛད་པ་དང་། དེ་ནད་གཞི་གང་དང་གང་གི་གཉེན་པོ་ཡིན་པ་བཀོད་དང།

སྟར་བྱང་གི་སྦྱོར་ཚད་དང་ཕན་ཡོན་གང་ཡིན་པ་བཀོད་དང་།

གསུམ་པ། ནད་གཞི་ངོས་འཛིན་བྱེད་རྒྱུ།

གསོ་བྱ་ནད་པ་གང་ཞིག་རྒྱུན་དུ་སྒྱིད་ལུག་ཅིང་གཉིད་ལ་དགའ་བ་དང་། ཁ་ལྕེ་སྐམ་ཞིང་སྐོམ་དད་ཆེ་བ། ལུས་རྔུལ་མང་ཞིང་ཡན་ལག་གི་མཐིལ་བཞི་ཚ་། ཁ་ཟས་འཇུ་ཡང་ལུས་སྟོབས་རིམ་གྱིས་ཉམས་འགྲོ་བ། རྩ་རྒྱུད་གྲིམས་ཤས་ཆེ་ལ་དྲི་ཆུ་རྙོགས་ཤིང་གྲངས་མང་བ་སོགས་ཀྱི་ནད་རྟགས་ལ་གཞིགས་ན་ནད་གཞིའི་ངོ་བོ་གང་ཡིན་པ་དང་། དེར་གསོ་ཚུལ་ལམ་བཅོས་ཐབས་ཀྱི་རྩ་དོན་གང་ཞིག་འཛིན་གོས་། བྱེ་བྲག་གཉེན་པོ་གང་དང་གང་བསྟེན་དགོས་པ་བཅས་གཏན་འཁེལ་གསལ་བཤད་བྱེད་རྒྱུ།

གོང་སྨན་པས། གཅིན་སྙིའི་ནད་རིགས་མཐའ་དག་དང་། ཁྱད་པར་ཟ་ཁུ་ཞེས་བྱ་བ། ལུས་ཟུངས་འཛག་ཅིང་ཆུ་ཁ་སྙི། ཤ་སྐམ་རྔུལ་ཁ་སྙི་བ་དང་།  གཅིན་ལ་སྦྲང་མ་འདུ་བ་འབྱུང་། ཞེས་དང་། གཅིན་སྙི་ཟ་ཁུའི་གཉེན་པོའི་སྨན། ཨ་རུ་བཅུ་སྟེང་དོམ་མཁྲིས་དང་།  གི་ཝམ་གསེར་བྱེ་བ་ཤ་ཀ། གཟེ་མ་སྐྱུ་རུ་ཡུང་སྐྱེར་རྣམས། བསྣན་པ་བསྐོལ་གྲང་ཆུ་ཡིས་འཕུལ། ཕན་ཡོན་མཁལ་ནུས་གསོ་བ་དང་། ཆུ་ཁ་སྲ་ཞིང་ཟུངས་འཛག་སྡོམ། གཞན་ལ་མེད་པའི་གཅེས་ནོར་ཡིན། ཞེས་སོ།

关闭