༢༠༡༤ལོའི་སྨན་པ་རབ་འབྱམས་པའི་ལག་རྩལ་ཐོབ་ཐང་རྒྱུགས་གཞི།
དང་པོ། འགྲིག་མིན་ལ་ཁ་ཚོད་གཅོད་པ།
གཤམ་གྱི་དྲི་བ་ཁག་ལ་དབྱེ་ཞིབ་བྱས་ཏེ་འགྲིག་ན་རྟགས་√འདི་དང་ནོར་ན་རྟགས་×འདི་རྒྱག་དགོས།
༡ བྱིས་པ་མའི་མངལ་དུ་ཆགས་པའི་དུས་ཚོད། ལོ༡༢ནས་ལོ༥༠བར།( )
༢ རྒྱུན་ལྡན་གྱི་མི་ལ་རུས་པའི་དུམ་བུ༣༦༠ཡོད།( )
༣ རུས་སྦལ་གྱི་གནས་སྐབས་ནི་ཟླ་བ་གསུམ་པའི་བདུན་ཕྲག་བཅུ་བ་ཡིན།( )
༤ ལུས་ཁམས་ཕྱི་ནང་གི་མེ་དྲོད་ཀུན་གྱི་འབྱུང་ཁུངས་ནི་ནད་གཞིའི་མཁྲིས་པ་ཡིན།( )
༥ མན་ངག་རྒྱུད་ཀྱི་བརྗོད་བྱ་གཙོ་བོ་ནི་ཡན་ལག་བརྒྱད་ཡིན།( )
༦ རུས་པ་ལ་རིགས་ཀྱི་སྒོ་ནས་དབྱེ་ན༢༣ཡོད།( )
༧ ལུས་ཀྱི་འདྲ་དཔེ་ཐོད་པའི་རུས་པ་ནི་རྒྱ་ཕུབས་བཀལ་བ་འདྲ།( )
༨ བད་ཀན་ལྡང་ཚད་རང་གི་སྙིམ་པ་གསུམ།( )
༩ མཁྲིས་པ་མཆིན་མཁྲིས་བར་དུ་གནས་པའི་རྒྱུ་མཚན་ཅི། ( )
༡༠ ངན་གཡོ་སྐྱོན་བརྟག་གི་དགོས་པ་གཙོ་བོ་སྐྱེ་བོ་མཁས་ཟེར་མགུ་བྱའི་ཕྱིར་ཡིན།( )
༡༡ ནད་ཀྱི་སྤྱི་རྒྱུ་མ་རིག་པ་ཡིན།( )
༡༢ ཤ་གནད་ཀྱི་གྲངས་ཀ་ནི་བཞི་བཅུ་རྩ་ལྔ་ཡིན།( )
༡༣ ཁམས་ཀྱི་འགྱུར་ཚུལ་ལས་ཁུ་བའི་སྙིགས་མ་ནི་ས་བོན་དཀར་དམར་དུ་འགྱུར།( )
༡༤ དོན་ལྔ་ལས་མཆིན་པ་ནི །མཆིན་པ་ཤིང་ཁམས་ཁྲག་གི་རྟེན།། ཁྲག་སོགས་དྭངས་མ་འཕེལ་བར་བྱེད།།( )
གཉིས་པ། དྲིས་ལན་འདེབས་པ།
༡ སྐྱེ་མཆེད་ཀྱི་རྐྱེན་ནི་གང་ཡིན་ནམ།
༢ མཁྲིས་པའི་ནད་ཀྱི་ཁྱད་པར་བའི་གནས་གང་།
༣ རྒྱུད་དུ་དངོས་སུ་བསྟན་པའི་ནང་གི་བུ་ག་ནི།
༤ ཁྲག་འཕེལ་བའི་རྟགས་ནི་གང་ཡིན།
༥ ནད་གཡོག་སྒོ་ནས་གསོ་སླ་བ་ཞེས་པ་ནི།
༦ རླུང་གིས་བསྐྱེད་པའི་མི་རྣམས་ནི།
༧ མཁྲིས་ནད་སློང་བར་བྱེད་པའི་རྐྱེན་ནི།
༨ རུས་པ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་ག་ཚོད་ཡོད།
༩ མཁྲིས་པ་སྤྱིའི་ལས་ནི་གང་ཡིན།
༡༠ ཁྱབ་བྱེད་རླུང་གི་བྱེད་ལས་གཙོ་བོ་ནི་གང་ཡིན།
༡༡ ཁྱད་པར་གྱི་སྒོ་ནས་གསོ་སླ་བའི་ནད་ནི་གང་དག་ཡིན།
༡༢ བླ་གཉན་ལ་ནད་ལ་དབྱེ་བ་ཕྱེས་པས་ཞུགས་པ་ལོག་པ་འདོམས་པ་གསུམ་ཡོད་པ་ནི།
༡༣ ཉེས་པ་དངོས་སུ་སྟོན་པའི་བརྟག་པ་ནི།
༡༤ ཀླད་པ་ལས་དོན་སྣོད་དང་འབྲེལ་བའི་དར་གྱི་དཔྱངས་ཐག་བཅུ་གསུམ་གྱི་རྩ་དེ་གང་ཡིན།
༡༥ ཕོ་བའི་མེ་དྲོད་ཀྱིས་ཁ་ཟས་བྱེ་བྲག་གི་འཇུ་ཚུལ་ནི་གང་ཡིན།
༡༦ ཆགས་སྲིད་འབྲེལ་བ་ཚེ་ཡི་རྩ་བཞི་བོའི་གོ་དོན་དང་འབྲེལ་བ་ཅི་ཡིན་ནམ།
༡༧ དྲི་བའི་བརྟག་པ་ལས་གང་གིས་གང་ལྟར་གང་ན་གང་དུ་གང་ཞེས་པའི་དོན་ཅི།
༡༨ ནད་གཞི་སྤྱིའི་གསོ་ཚུལ་ལས་གསོག་ལྡང་ཞི་གསུམ་དང་སྦྱར་བའི་གསོ་ཚུལ་ཇི་ལྟར་ཡིན།།
༡༩ འཇམ་རྩི་ལ་ནང་གསེས་ཀྱི་དབྱེ་བ་ག་ཚོད་ཡོད། ནད་གང་ལ་ཕན།
༢༠ ལུམས་ཀྱི་གོ་དོན་གང་ཡིན།
༢༡ བྱུགས་པའི་ཕན་ཡོན་གང་ཡིན།
༢༢ སྟོན་དཔྱིད་གཉིས་ལ་ལུམས་བརྒྱབ་པའི་དགེ་མཚན་གང་ཡིན།
༢༣ མ་ཞུ་བའི་གྱུར་ཚུལ་དང་ངེས་ཚིག་ཇི་ལྟར་ཡིན།
༢༤ མན་ངག་རྒྱུད་ལྟར་ན་རིམས་ཆམ་གྱི་རྟགས་ཅི་འདྲ་ཡིན།
༢༥ ཚ་བ་གསོ་བའི་སྐབས་སུ་ཐང་གི་སྡེ་ལ་དབྱེ་བ་བདུན་ཡོད་པ་གང་དག་ཡིན།
༢༦ མགོ་སྲིན་ནད་ཀྱི་རྟགས་ནི་ཇི་འདྲ་ཡིན།
༢༧ དམུ་ཆུ་བཅོས་པའི་ཐབས་ལྔ་གང་དག་ཡིན།
གསུམ་པ། མིང་འགྲེལ།
༡ རྣམ་ཤེས་ཚོགས་བརྒྱད།
༢ སྲོག་པ་རྩ།
༣ བླ་གཉན།
༤ ངོ་མཚར་རྩ་བདུན།
༥ ཁ་འཛིན་གྱི་སྨན།
༦ དུས་གསུམ་བརྟག་ཚུལ་དགུ།
༧ བླ་རྩ།
༨ རང་བྱུང་ཆུ་ཚན།
༩ རིལ་བུའི་ཆོ་ག
༡༠ སྦྲུམ་མའི་རྩ།
བཞི་པ། རྒྱས་འགྲེལ་བྱེད་པ།
གཤམ་གྱི་དྲི་གཞི་ཁག་གི་ལག་ལེན་རྒྱས་པ་ཞིག་འབྲི་དགོས།
༡ གསོ་ཐབས་ལག་ལེན་བཅོ་བརྒྱད།
༢ ཐང་སྦྱོར་གཏོང་བའི་ལག་ལེན།
༣ བཤལ་གཏོང་མི་རུང་བའི་ནད་གཞི་ནི།
༤ གྲང་བའི་སྤྱི་རྩ་དྲུག་ལས་ངོ་བོ་རང་བཞིན་གྱི་རྩ་ནི།
༥ རྩ་སྦྱོངས་ཀྱི་དངོས་སྨན་སྔོན་དུ་སྣ་སེལ་སྦྱོར་བ་གཏོང་བའི་དགོས་པ།
༦ མེ་བཙའི་གསང་དམིགས་རྩ་བའི་སྒོ་ནས་དབྱེ་ན།
༧ དྲི་ཆུའི་དུས་གསུམ་བརྟག་ཚུལ་དགུ་ལས་ཆེས་ཡིད་རྟོན་རུང་བ་།
༨ སྣ་སྦྱོང་གཏོང་མི་རུང་བའི་ནད།
༩ དེད་དཔོན་བཅུ་སྦྱོར་གྱི་སྦྱོར་བ་དེ་ནུས་པ་འཇམ་པའི་རྒྱུ་མཚན།
༡༠ མེ་བུམ་རྒྱག་སྐབས་དོ་སྣང་བྱེད་དགོས་པ།
༡༡ ལུམས་ཀྱི་གོ་དོན།
༡༢ མ་བུ་དགྲ་གྲོགས་བཞིས་བསྐོར་མགོ་བརྩི་ཚུལ།
༡༣ བྱུག་པའི་ཕན་ཡོན།
ལྔ་པ། སྨན་སྦྱོར་གྱི་ཕན་ནུས་འགོད་པ།
གཤམ་གྱི་སྨན་སྦྱོར་ཁག་གི་ཕན་ནུས་རྒྱས་པར་འགོད་དགོས།
༡ མཛོ་མོ་དྲུག་ཐང་།
༢ སྤང་རྒྱན་བཅོ་ལྔ།
༣ དུང་རུ་བཅོ་བརྒྱད།
༤ ཉི་ཟླ་ཁ་སྤྲོད།
༥ ཨ་རུ་བཅུ་བ།