༢༠༠༠ ལོའི་ཞིབ་འཇུག་སློབ་མའི་ཆེད་ལས་ཕྱོགས་བསྡུས་ཀྱི་བསྐྱར་ཞིབ་རྒྱུགས་ཤོག
དང་པོ། སྟོང་ཆ་སྐོང་བྱེད་རྒྱུ།
༡ མངལ་དུ་ཕོ་མོ་སྐྱེ་གནས་སོགས་ཀྱི་འགྱུར་བ་མི་འདྲ་བ་ཡོང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཐོག་མར་ཁུ་ཁྲག་གཉིས་ལྷན་ཅིག་ཏུ་ཆགས་པའི་ཚེ་ཕའི་( )ཆ་དེ་( )ཡོད་པ་དེ་ལས་བུ་ཕོ་རུ་སྐྱེ་བར་འགྱུར་བ་དང་། མའི་( )གྱི་ཆ་དེ་( )ཡོད་པ་དེ་ལས་བུ་མོར་སྐྱེ་བར་འགྱུར་བ། ཁུ་ཁྲག་གཉིས་( )ཚེ་ན་མ་ནིང་སྟེ་( )མ་ནིང་དང་།( )མ་ནིང་( )མ་ནིང་སོགས་གང་རུང་དུ་འགྱུར་བ་དང་། ཁུ་ཁྲག་གཉིས་ལྷན་ཅིག་འདྲེས་པའི་མེར་མེར་པོ་དེ་ཉིད་( )བྱེད་པ་འགའ་ཞིག་གིས་དུམ་བུར་( )དེ་ལས་དེ་དང་དེའི་མཚེ་མར་འགྱུར་བ་བཅས་ཡིན།
༢ བད་ཀན་སྨུག་པོའི་ནད་ཀྱི་གསོ་ཚུལ་གཅེས་པར་གདམས་དགོས་དོན་གང་ཡིན་ཞེ་ན། སྨུག་པོ་ཞེས་པའི་ནད་འདི་ཉིད་( )ནད་གཅིག་ཡིན་སྟབས་( )དང་འདྲ་བར་གསོ་( )ལ། ནད་ཡུན་( )བ་བཅས་ཀྱི་ཕྱིར་ན། དེར་སྨན་བཅོས་( )ཙམ་གྱིས་ཞི་བར་མི་འགྱུར་བའི་བཅོས་རྣམས་ཡང་ཡང་( )དགོས་པ་དང་། ད་དུང་ཟུངས་( )པར་སྨན་དཔྱད་ཁོ་ན་( )ན་ཡང་གསེར་ཟད་པ་དང་ཆབ་གཅིག་དེའི་གཡའ་ཟད་པ་དང་འདྲ་བར་( )གཉིས་ཀ་དུས་གཅིག་ཏུ་འཛད་པར་གྱུར་བའི་ཕྱིར། ནད་སྟོབས་( )སྐབས་སུ་ཟས་སྐོམ་( )རིགས་ཀྱིས་ལུས་ཟུངས་( )ཞིང་ནད་བཅོས་དགོས་པ་ཡིན་ནོ།།
གཉིས་པ། དྲིས་ལན་གདབ་རྒྱུ།
༡ ལུས་ཁམས་ཀྱི་རང་བཞིན་མི་འདྲ་བ་འབྱུང་བའི་རྒྱུ་མཚན་གང་ཡིན་ནམ།
༢ ཕོ་མཁལ་སྙིང་གསུམ་ལ་ཚ་བ་གབ་དགོས་དོན་གང་ཡིན་ནམ།
༣ ཉེས་པའི་དབྱེ་བ་དེ་རླུང་མཁྲིས་བད་ཀན་གསུམ་རང་དུ་ངེས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
༤ སྨན་སྦྱོར་སྐབས་རོ་ནུས་ཞུ་རྗེས་གསུམ་མཐུན་སྡེབས་བྱེད་དགོས་དོན་གང་ཡིན་ནམ།
༥ ལྟ་རེག་དྲི་གསུམ་གྱི་ནང་ནས་དྲི་བའི་བརྟག་པ་གཅེས་པར་བཟུང་དགོས་དོན་གང་ཡིན་ནམ།
གསུམ་པ། འགྲིག་མིན་བརྡར་ཤ་གཅོད་རྒྱུ།
གཤམ་གསལ་དྲིས་ལན་ཁག་ལ་དབྱེ་ཞིབ་བྱས་ཏེ་འགྲིག་མིན་གྱི་རྟགས“√×”གང་ཡིན་གུག་རྟགས་སོ་སོའི་ནང་འགོད་དགོས།
༡ ཟླ་མཚན་དང་ཁམས་དམར་བར་གྱི་འབྲེལ་བ་ནི།
༼༡༽ རྒྱུ་དང་འབྲས་བུའི་བར་གྱི་འབྲེལ་བ་ཡིན།( )
༼༢༽ངོ་བོ་བདག་གཅིག་གི་འབྲེལ་བ་ཡིན།( )
༢ སྔོ་སྦྱོར་སྐབས་འཕྲོད་པར་སྦྱར་བའི་གནས་གསུམ་ཞེས་པ་ནི།
༼༡༽སྦྱོར་བ་དང་། ཁ་འཛིན། གཉེན་པོ་བཅས་གསུམ་ཡིན། ( )
༼༢༽རོ་སྡེབས་དང་། ཞུ་སྡེབས། ནུས་སྡེབས་བཅས་གསུམ་ཡིན། ( )
༣ གསོ་ཚུལ་དགུ་ཡི་ནང་ནས་དཔའ་བོ་དགྲུ་འདུལ་ལྟ་བུའི་གསོ་ཚུལ་ནི།
༼༡༽ནད་གཞི་སྟོབས་ཆེན་གྱི་རིགས་ལ་སྤྱོད་པའི་ཐབས་ཚུལ་ཞིག་ཡིན།( )
༤ དམུ་ཆུའི་ནད་དེ་ཉིད་གྲང་ཆུ་ཡིན་པའི་རྟགས་སུ།
༼༡༽གསུས་པ་ཆེ་ལ་ཡན་ལག་ཕྲ་ཞིང་སྐམ་པ་ཡི་དྭགས་དང་འདྲ་བ་དེ་ཡིན།( )
༼༢༽མགོ་ལུས་ཡན་ལག་དང་བཅས་པ་སྐངས་ཤིང་སྦོམ་པས་མགོན་པོ་དང་འདྲ་བ་དེ་ཡིན།( )
༥ རླུང་ནད་རིགས་ཀྱི་དབྱེ་བའི་ངོ་བོ་ནི།
༼༡༽རང་རྒྱུད་གནོད་བྱ་ལ་ཞུགས་པ་དེ་ཡིན།( )
༼༢༽གཞན་རྒྱུད་ལོག་པའི་ལམ་དུ་ཞུགས་པ་ཡིན།( )
བཞི་པ། རེའུ་མིག་ལྟར་གསལ་བཤད་བྱེད་རྒྱུ།
མཚོན་བྱང་། | འཁྲུངས་ཡུལ། | འཁྲུངས་དུས། | གཤེགས་དུས། |
རྙིང་མ་ཡོན་ཏན་མགོན་པོ། |
|
|
|
གསར་མ་ཡོན་ཏན་མགོན་པོ། |
|
|
|
བྱང་པ་རྣམ་རྒྱལ་གྲགས་བཟང་ |
|
|
|
ཟུར་མཁར་བློ་གྲོས་རྒྱལ་པོ་ |
|
|
|
ཡོན་ཀྲང་མཁྱེན་རབ་ནོར་བུ་ |
|
|
|
ལྔ་པ། དྲིས་ལན་གདམ་འཇུག་བྱེད་རྒྱུ།
གཤམ་གསལ་དྲིས་ལན་ཁག་ལ་ལས་ཆེས་ཡང་དག་པའི་དྲིས་ལན་གཅིག་བདམས་ནས་དེའི་མཚོན་བྱེད་“ཀ་ཁ་ག་”གང་ཞིག་ཡིན་པ་དེ་ཉིད་སོ་སོའི་གུག་རྟགས་ནང་འབྲི་དགོས།
༡ བོད་ཀྱི་གསོ་བ་རིག་པ་ནི་( )
ཀ སྲོལ་རྒྱུན་གྱི་གསོ་རིག་ཁོངས་སུ་གཏོགས་པ་ཡིན།
ཁ གནའ་བོའི་གསོ་རིག་གི་ཁོངས་སུ་གཏོགས་པ་ཡིན།
ག མི་རིགས་ཀྱི་གསོ་རིག་ཁོངས་སུ་གཏོགས་པ་ཡིན།
༢ ལུས་ཁམས་ཀྱི་སྟོབས་རྒྱས་ཤིང་ཚེ་རིང་དུ་གནས་པར་བྱེད་རྒྱུ་དེ་( )
ཀ གཙོ་བོ་ཟས་སྐོམ་གྱི་རོ་བཅུད་ཆེ་ཆུང་ལ་བརྟེན་དགོས།
ཁ གཙོ་བོ་ཕོ་བའི་མེ་དྲོད་ཀྱི་ནུས་སྟོབས་ལ་བརྟེན་དགོས།
ག གཙོ་བོ་སྟོབས་སྐྱེད་བཅུད་ལེན་གྱི་སྨན་རྫས་རིགས་ལ་བརྟེན་དགོས།
༣ ཟས་སྐོམ་མི་འཕྲོད་ཟོས་པས་དུག་ཏུ་གྱུར་ཞེས་པ་དེ་( )
ཀ ཟས་སྐོམ་མི་འཕྲོད་པའི་རིགས་མཉམ་བསྲེས་སུ་བསྟེན་ཕྱིན་དུག་ཏུ་གྱུར་པ་ཡིན།
ཁ ཟས་སྐོམ་མི་འཕྲོད་པའི་རིགས་མ་གོམས་པར་བསྟེན་ན་དུག་ཏུ་གྱུར་པ་ཡིན།
ག ཟས་སྐོམ་མི་འཕྲོད་པའི་རིགས་ཡིན་ཀྱང་གོམས་ཤིང་ལུས་སྟོབས་དང་མེ་དྲོད་ན་ཚད་སོགས་བཟང་བ་ཡིན་ན་གནོད་པར་མི་འགྱུར་བ་ཡིན།
དྲུག་པ། རྩོམ་ཐུང་འབྲི་རྒྱུ།
ཞིབ་འཇུག་སློབ་མས་འཇོན་ཐང་གང་ཞིག་ཁོང་དུ་ཆུད་པ་བྱེད་དགོས་མིན་སྐོར་གླེང་བ་ཞེས་ཁ་བྱང་དུ་བྱས་པའི་རྩོམ་ཐུང་ཚེག་ཁྱིམ་༣༠༠ལས་མི་ཉུང་པ་ཞིག་འབྲི་དགོས།